འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་ཝུའེ་ཧྥང་དུ་ལོ་གསར་རི་མོ་ཐོན་སྐྱེད་བྱེད་པར་བྲེལ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲན་ཏུང་ཝུའེ་ཧྥང་དུ་ལོ་གསར་རི་མོ་ཐོན་སྐྱེད་བྱེད་པར་བྲེལ་ཡོད་པ།
        མི་དམངས་དྲ་བའི་འཕྲིན། ལོ་གསར་འཆར་ཉེར་ཡོད་པས་ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་ཧན་ཐིང་ཆུས་དབྱང་ཅ་པུའུ་ཡི་ལོ་གསར་རི་མོ་བཟོ་ཁང་དུ་བྲེལ་བརྩོན་ཆེ་རུ་ཕྱིན་ཡོད། དབྱང་ཅ་པུའུ་ཡིས་ལོ་ལྟར་ལོ་གསར་རི་མོ་ཁྲི་2100ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་པ་དེ་དག་རྒྱལ་ཡོངས་ས་གནས་ཁག་དང་དེ་བཞིན་ཨུ་རུ་སུ་དང་། རི་པིན། ཧན་གོ སིང་ཀ་ཕོར་སོགས་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་འཚོང་གི་ཡོད། དབྱང་ཅ་པུའུ་ཡི་ལོ་གསར་རི་མོར་ཐེན་ཅིན་དབྱང་ལིའུ་གཞོན་ནུའི་རི་མོ་དང་སུའུ་ཀྲོའུ་ཐའོ་ཧྭ་ཝུའུ་ཡི་ལོ་གསར་རི་མོ་དང་མཉམ་དུ་ཀྲུང་གོའི་དམངས་ཁྲོད་པར་ཤིང་ལོ་གསར་རི་མོ་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།