འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་བགྲོང་གཞུང་ལམ་དང་པོའི་ཐོག་
    རླངས་འཁོར་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཡི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་སྦྲེལ་མཐུད་བྱེད་པའི་ཉིང་གཙོད་མྱུར་བགྲོད་གཞུང་ལམ་2014ལོའི་ཟླ་12ཚེས་26ཉིན་སྐྲུན་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར་ནས་ཀན་ལྷོ་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གཙོད་བར་གྱི་ལམ་དུམ་བུ་ཡོངས་ལ་མྱུར་བགྲོད་ཐུབ་རྒྱུ་རེད།
         ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྱོན་རིང་ཚད་སྤྱི་ལེ་99ཡོད་པའི་ཉིང་གཙོད་མྱུར་བགྲོད་གཞུང་ལམ་གྱི་ལམ་འགོ་འཛུགས་ས་ནི་ཉིང་ཞ་ཁུལ་ཉིང་ཞ་གྲོང་ཁྱེར་དང་ལམ་མཇུག་འགྲིལ་ས་ནི་གཙོད་གྲོང་ཁྱེར་ཡིན་པ་དང་ལམ་དེ་G213ལམ་གྱི་ལན་ཀྲོའུ་ནས་ལྷ་མོ་དགོན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དང་སྦྲེལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།