འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་2014ལོར་རྒྱལ་ནང་གི་གློག་བརྙན་80སྒྱུར་བཟོའི་ལས་དོན་ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིས་ན་ནིང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བཀོད་སྒྲིག་བྱས་པའི་རང་རྒྱལ་ནས་ཐོན་པའི་གློག་བརྙན་80སྒྱུར་བཟོ་བྱ་རྒྱུའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་དང་དུས་མཚུངས“གྲོང་ཚོ་གཅིག་ལ་ཟླ་རེར་གློག་བརྙན་གཅིག་སྟོན་པའི”སྔར་བཀོད་དམིགས་ཡུལ་སྲ་བརྟན་དུ་བཏང་བ་མ་ཟད། གྲོང་གསེབ་ཀྱི་བོད་རིགས་ལྟད་མོ་བ་ཚོས་ཀྱང་བོད་སྐད་དུ་བསྒྱུར་བའི་རང་རྒྱལ་ནས་ཐོན་པའི་གློག་བརྙན་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིའི་སྒྱུར་བཟོ་མི་སྣའི་ལས་ཀར་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིའི་གཞུང་དོན་ཁང་གི་ཀྲུའུ་རེན་དོན་གྲུབ་ནོར་བུས་ངོ་སྤྲོད་བྱས་པ་ལྟར་ ན། ལོ་ལྟར་ཁོང་ཚོས་རང་རྒྱལ་ནས་ཐོན་པའི་གློག་བརྙན་80བོད་སྐད་དུ་སྒྱུར་བཟོ་བྱེད་ཀྱི་ཡོད་པ་དང་གློག་བརྙན་དེ་དག་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་མཁོ་འདོན་བྱེད་ཀྱི་ཡོད་པ་དེའི་ནང་གཏམ་རྒྱུད་གློག་བརྙན་60དང་ཚན་རིག་སློབ་གསོའི་གློག་བརྙན་20ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།