འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རླུང་འབུད་ཅན་གྱི་ཉིང་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་གནམ་གྲུ་ཐོན་
    དང་པོར“འཕུར་སྐྱོད་ལག་ཁྱེར”རག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་12ཚེས་30ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་པེ་ཅིང་དུ་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིར་ARJ21—700གནམ་གྲུ་དེ་ཉིད་ཚད་ལོན་ལག་ཁྱེར་སྤྲད་པ་དེ་ཐོག་ནས་རང་རྒྱལ་གྱི་རླུང་འབུད་ཅན་གྱི་ཉིང་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་གནམ་གྲུའི་ཐོན་དང་པོ་དེ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཚད་ལོན་ཞིབ་དཔྱད་གཏན་འཁེལ་བྱས་པ་མཚོན་པ་དང་གནམ་གྲུའི་ཇུས་འགོད་དེ་བདེ་འཇགས་འགན་ལེན་བྱེད་པའི་གཞི་རྩའི་བླང་བྱའི་ཐོག་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་བྱེད་སྒོའི་ནང་ཞུགས་ཆོག་པའི་ལག་ཁྱེར་རག་པ་རེད།
         ARJ21—700གནམ་གྲུར་ཚད་ལོན་ལག་ཁྱེར་རག་པ་དེ་དག་ནི་རང་རྒྱལ་གྱི་རླུང་འབུད་ཅན་གྱི་ཉིང་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་གཉེར་སྐྱོང་བྱ་རྒྱུར་རྩིས་སྤྲོད་པའི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། མིག་སྔར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མཁའ་འགྲུལ་ལ་འཚམ་པའི་འབྲེལ་ཡོད་སྒྲིག་སྲོལ་ལ་གཞིགས་ནས་རྩིས་སྤྲོད་རྩིས་ཡོད་པའིARJ21—700གནམ་གྲུ་རྐྱང་པར་མཁའ་འགྲུལ་ལ་འཚམ་པའི་ཞིབ་བཤེར་དང་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤུས་ཚད་འགན་ལེན་མ་ལག་དང་། འཁོར་སྐྱོད་རྒྱབ་སྐྱོར་མ་ལག བསྟུད་མར་མཁའ་འགྲུལ་ལ་འཚམ་པའི་མ་ལག་བཅས་ལ་ཞིབ་བཤེད་གཏན་འཁེལ་བྱེད་བཞིན་ཡོད། ཞིབ་བཤེར་གཏན་འཁེལ་དེ་དག་བྱས་རྗེསARJ21—700གནམ་གྲུ་དེ་སྤྱོད་མཁན་ལ་རྩིས་སྤྲད་དེ་མཁའ་འགྲུལ་ལམ་ཐིག་གི་གཉེར་སྐྱོང་ནང་དངོས་སུ་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།