འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལས་མཇུག་འགྲིལ་བའི་མཚམས་སུ་སླེབས་ནས་ད་བར་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་འཆར་འགོད་ཁུལ་དུ་དྲོད་རླངས་མཁོ་འདོན་98%ཐུབ་ནས་གྲོང་མི་དུད་ཁྱིམ་ཁྲི་10ལྷག་ཙམ་ལ་དྲོད་རླངས་གཏོང་ཐུབ་ཡོད།
         ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་དུ་དྲོད་གཏོང་བར་སོལ་རླངས་ཀྱིས་གཙོ་བོར་བྱས་པའི་ཐོག་གློག་དང་ཉི་ནུས་ཀྱིས་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུ་སྤྱོད་པའི་ཐབས་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་པ་ཆེ་ཤོས་ཐོབ་པ་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་འདི་ཡོངས་ཀྱི་གྲོང་མིའི་འཚོ་བར་སྤྱོད་པའི་རང་བྱུང་སོལ་རླངས་ཀྱི་འགྲོ་གྲོན་དེ་གཤེར་ལྡན་རླངས་པ་ལས་སྒོར་ཁྲི་2700ལྷག་ཙམ་དང་ལོར་ཆ་སྙོམས་ཐེམ་དུད་རེར་སྒོར་400ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད། དན་བག་སྡེ་ཁུལ་གྱི་ཉི་འོད་གྲོང་མིའི་སྡོད་ཁུལ་གྱི་མཚོ་མོ་ནི་སྨན་པ་ཞིག་ཡིན། ཁོང་གིས་སྔོན་མ་ཁྱིམ་དུ་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་ལ་བརྟེན་ནས་དྲོད་ལེན་གྱི་ཡོད། ད་ཆ་རང་བྱུང་སོལ་རླངས་ནི་གཅིག་ནས་དྲི་མ་མེད་ལ་གཉིས་ནས་ཁམས་གཙང་བའི་ཁར་གོང་ཡང་ཁེ་པོ་འདུག་ཅེས་གསར་འགོད་པར་བཤད་བྱུང་། བསྡོམས་རྩིས་ལ་གཞིགས་ན། འདི་ལོ་གྲོང་ཁྱེར་ལྷ་སར་དབྱང་གཉིས་ཐན་འགྱུར་སོགས་ཀྱི་སྦགས་བཙོག་སྣ་ཚོགས་ཏུན་ཁྲི་20ལྷག་ཙམ་ནུས་ལྡན་ངང་ཉུང་དུ་ཕྱིན་ཡོད་པ་རེད།
          ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་ལ་དྲོད་རླངས་མཁོ་འདོན་ལས་གྲྭ་2012ལོའི་ཟླ་4པར་ལག་ལེན་བསྟར་བ་ནས་ད་བར་སོལ་རླངས་ལྕགས་མདོང་ཨ་མ་འདིང་ཚད་སྤྱི་ལེ་63དང་། ཡན་ལག་ལྕགས་མདོང་འདིང་ཚད་སྤྱི་ལེ་256 སྒོ་རར་ལྕགས་མདོང་འདིང་ཚད་སྤྱི་ལེ་1200ལྷག་ཙམ་ཟིན་ནས་གྲོང་ཁུལ་གྱི་དྲོད་རླངས་འཆར་འགོད་ཁུལ་གྱི་གྲོང་མི་ཐེམ་དུད་ཁྲི་10.7ལ་དྲོད་རླངས་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།