འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།མཚོ་སྔོན་གནམ་གྲུ་ཐང་གིས་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་400ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 07:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ལས་འགན་འཁུར་བའི་དུས་གཏན་གནམ་གྲུ་MU2242གནམ་ཐང་དུ་བབས་རྗེས་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དུ་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་400ལས་བརྒལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་བསུས་པ་དེ་ནི་2012ལོར་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་345ལས་བརྒལ་རྗེས་ཟི་ལིང་གནམ་ཐང་གིས་མི་ཐེངས་ཁྲི་བརྒྱ་ལས་སླར་ཡང་བརྒལ་བ་བྱས་པ་ཞིག་རེད།
          འདི་ལོ་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུས་ཀྱིས་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་གི་འགན་ལེན་རིམ་པ་དེ་4Dནས་4Eབར་རིམ་སྤོར་བྱས་པའི་མཆན་བཀོད་བཀའ་ལན་བྱས་པ་དེ་ནུབ་བྱང་ས་ཁུལ་ལ་ཞན་དབྱང་གནམ་ཐང་གི་རྗེས་སུ་4Eཆོག་འཐུས་ལག་ཁྱེར་ཐོབ་པའི་གནམ་ཐང་གཙོ་བོ་དེར་གྱུར་བ་དེ་ཐོག་ནས་ཟི་ལིང་གནམ་ཐང་དུ་གནམ་གྲུ་ཆེ་མོའི་ནང་དབོར་འདྲེན་བྱེད་པའི་དུས་སྐབས་སུ་སླེབས་པ་དང་། ཟི་ལིང་གནམ་ཐང་གི་ཞབས་ཞུའི་ནུས་པ་རིམ་པ་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།