འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་དེང་རབས་ཞིང་ལས་ཐོན་སྐྱེད་གོང་འཕེལ་ལ་རྒྱབ་སྐྱོར་
    བྱེད་པའི་མ་དངུལ་བཀོད་སྒྲིག་བྱེད་ཚད་བརྒྱ་ཆ་༨.༢བསྣན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ས་གནས་ཀྱིས་སྤྱི་ལོ་༢༠༡༥ལོའི་མ་དངུལ་རྣམ་གྲངས་དོ་དམ་གྱི་དུས་མགོའི་ལས་དོན་ཡག་པོ་བསྒྲུབས་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔ་བསྣུར་དུ་ས་གནས་ཀྱི་སྤྱི་ལོ་༢༠༡༥ལོའི་དེང་རབས་ཞིང་ལས་ཐོན་སྐྱེད་གོང་འཕེལ་གྱི་ཐེབས་རྩ་སྒོར་དུང་ཕྱུར་༡༡༠དང་བྱེ་བ་༦གཤམ་སྤྲོད་བྱས་པ་དང་། ལོ་གོང་མར་སྔ་སྣུར་དུ་གཤམ་སྤྲོད་བྱས་པའི་དངུལ་གྲངས་དང་བསྡུར་ཚེ་སྒོར་དུང་ཕྱུར་༢༦དང་བྱེ་བ་༥གསར་དུ་བསྣན་ཡོད་པ་རེད། ས་གནས་ཀྱིས་སྲིད་ཇུས་ཀྱི་བླང་བྱ་དང་ལམ་ལུགས་ཀྱི་གཏན་འབེབས་དང་མཐུན་པ་འགན་སྲུང་བྱས་པའི་རྨང་གཞིའི་སྟེང་། སྤྱི་ལོ་༢༠༡༥ལོའི་སྔོན་རྩིས་ལོ་འཁོར་འགོ་ཚུགས་རྗེས་མ་དངུལ་བེད་སྤྱོད་གཏོང་རྒྱུ་བཀོད་སྒྲིག་བྱས་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།