འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ཁའེ་ཡིས་རྒན་གསོའི་མ་དངུལ་སྤྲོད་པའི་ནུས་པ་ལ་གནད་དོན་མེད་པ་དང་ས་གནས་
    ཁག་ཏུ་དོ་མཉམ་མིན་པའི་གནད་དོན་སྔར་བཞིན་གནས་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༢༨ཉིན་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་མཉམ་འབྲེལ་གྲོས་ཚོགས་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་ཡིས་འདྲི་ཞིབ་གནང་བ་དང་། ཁོང་གིས་རང་རྒྱལ་གྱི་མིག་སྔའི་རྒན་གསོའི་མ་དངུལ་སྤྲོད་པའི་ནུས་པ་ལ་གནད་དོན་མེད་མོད། ཡིན་ཡང་ས་གནས་ཁག་ཏུ་དོ་མཉམ་མིན་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་མ་ཟད། ཉེ་བའི་ལོ་ཤས་ནང་མ་དངུལ་འཕར་སྣོན་གྱི་མགྱོགས་ཚད་འགྲོ་སོང་གི་མགྱོགས་ཚད་ལས་ཇེ་དལ་ཏུ་སོང་ཡོད་པ་རེད། དེའི་ཐད་མ་འོངས་པར་རྒན་གསོའི་མ་དངུལ་གྱི་བསྡུ་ལེན་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་ལས་གཞན། དངུལ་སྤྲོད་པའི་སྐུལ་སློང་སྒྲིག་གཞི་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
           མ་ཁའེ་ཡིས་ད་དུང་ལས་འཁྱུར་ངལ་གསོའི་ལོ་ན་ཕྱིར་སྣུར་བྱེད་པའི་སྲིད་ཇུས་རིམ་གྱིས་ལག་བསྟར་བྱ་རྒྱུ་ཡིན་མོད། ཡིན་ཡང་མིག་སྔར་དེའི་ཐད་ཀྱི་སྲིད་ཇུས་ཞིབ་འཇུག་དང་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན་ཞེས་གསུངས་ཡོད་པ་རེད།
           ཨུ་ཡོན་ཀྲེང་ཀུང་ཁྲེང་གིས་རྒན་གསོའི་འགན་བཅོལ་མ་དངུལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་ནས་འདྲི་བ་བཏོན་པ་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཡེ་ཝེ་མིང་གིས་མིག་སྔར་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པར་འཕྲད་པའི་དཀའ་ཁག་ཆེ་ཤོས་ཤིག་ནི་ཀྲུང་དབྱང་དང་ས་གནས་ཀྱི་དབང་ཆའི་འགན་འཁྲི་དང་། ས་གནས་བར་གྱི་ཁེ་ཕན་དོ་མཉམ་ཡོང་རྒྱུའི་གནད་དོན་དེ་རེད། བྱེ་བྲག་གི་འཆར་འགོད་སང་ལོར་ལག་བསྟར་བྱ་རྒྱུར་འབད་པ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།