འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོར་བོད་ལྗོངས་སུ་སྔོན་དཔག་ལྟར་ན་ཁྲལ་འབབ་སྒོར་དུང་ཕྱུར་171ལྷག་ཙམ་
    ལེགས་སྒྲུབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོ་ནས་བཟུང་བོད་ལྗོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱིས་ཁྲལ་འབབ་དབྱེ་ཞིབ་ལ་ཤུགས་སྣོན་དང་། ཁྲལ་འབབ་ཉེན་ཁར་སྔོན་འགོག ཁྲལ་བསྡུ་དོ་དམ་ཆེར་གཏོང་བཅས་བྱས་པས་བརྟན་ཐོག་མདུན་སྐྱོད་དང་བརྟན་ཐོག་བྱས་རྗེས་འཇོག་ཐུབ་པར་གྱུར་ཡོད། ཟླ་1པོ་ནས་11པའི་རིང་ལྗོངས་ཡོངས་ཀྱིས་ཁྲལ་འབབ་ཁག་སྒོར་དུང་ཕྱུར་161.98བསྡུས་པ་དེ་དུས་མཚུངས་ལས་21%འཕར་ནས་འབབ་འཕར་སྒོར་དུང་ཕྱུར་30.23ཟིན་ཡོད། ལོ་ཧྲིལ་པོར་སྔོན་དཔག་ལྟར་ན། ཁྲལ་འབབ་ཁག་སྒོར་དུང་ཕྱུར་171.03ལེགས་སྒྲུབ་ཐུབ་ངེས་པ་དེ་དུས་མཚུངས་ལས་15.66%འཕར་ནས་སྒོར་དུང་ཕྱུར་23.16འཕར་རྒྱུ་ཡིན་པ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ནོར་ཤུགས་ཀྱི་འགན་སྲུང་ནུས་ལྡན་བྱེད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།