འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་རིང་ཤོས་ཡིན་ཀྱི་ས་མཐོའི་ལྕགས་ལམ་ཕུག་ལམ་དངོས་སུ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་12ཚེས་28ཉིན་གནས་ཚུལ་འབྱོར་གསལ།“བཀའ་འགྱུར་ཕུག་ལམ་གསར་པ་དངོས་འབྲེལ་ཡག་པོ་འདུག ལམ་ཐག་ཐུང་དུ་ཕྱིན་པ་དང་མེ་འཁོར་བཀོལ་སྤྱོད་བྱེད་བདེ་པོ་འདུག”ཅེས་ཆུ་ཚོད་13དང་སྐར་མ་20ཡི་ཐོག་མཚོ་སྔོན་ཞིང་ཆེན་ཁོ་ཁོ་བབས་ཚུགས་ནས་ཧོ་ནན་ཞིང་དབྱང་དུ་སྐྱོད་པའི་ཟོག་འདྲེན་མེ་འཁོར་86572བཀའ་འགྱུར་ཕུག་ལམ་གསར་པ་བགྲོད་སྐབས་ཁ་ལོ་བ་རོན་ཅ་ཝང་གིས་དགའ་ཚོར་ཆེན་པོས་བཤད། ད་ཐེངས་མེ་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་འཛམ་གླིང་ཐོག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཕུག་ལམ་ཏེ་ལམ་ཐག་ཧྲིལ་པོར་སྤྱི་ལེ་32.690ཡོད་པའི་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་ལམ་ཐིག་གཉིས་པའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་བཀའ་འགྱུར་ཕུག་ལམ་གསར་པ་ཕྱོགས་གཉིས་ཀར་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།