འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།།མཚོ་སྔོན་གྱི་གོར་མོ་ནས་ཤིན་ཅང་གི་ཁུ་ཨར་ལེ་བར་གྱི་ལྕགས་ལམ་ཧྲིལ་པོ་འཛུགས་སྐྲུན་
    བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱི་གོར་མོ་ནས་ཤིན་ཅང་གི་ཁུ་ཨར་ལེ་བར་གྱི་ལྕགས་ལམ་ཧྲིལ་པོ་ཚེས་28ཉིན་ལས་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱི་ཤིན་ཅང་དུ་སྐྱོད་པའི་ལམ་ཐིག་གལ་ཆེན་གཞན་ཞིག་སླར་ཡང་ཆགས་བཞིན་ཡོད་པ་མཚོན་ཡོད།
          གོར་མོ་ནས་ཁུ་ཨར་ལེ་བར་གྱི་ལྕགས་ལམ་ཧྲིལ་པོར་སྤྱི་ལེ་1213.7ཟིན་པའི་ནང་མཚོ་སྔོན་ས་ཁོངས་སུ་སྤྱི་ལེ་505.6ཡོད་པ་དང་ཤིན་ཅང་ས་ཁོངས་སུ་སྤྱི་ལེ་708.1ཡོད། གོར་མོ་ནས་ཁུ་ཨར་ལེ་བར་གྱི་ལྕགས་ལམ་གྱི་ལམ་བར་དུ་ཝུའུ་ཐུ་མེ་རེན་དང་། ཧྭ་ཐུའུ་ཀོའུ། ནོ་ཆང་། ཝུའེ་ལི་སོགས་བརྒྱུད་དགོས་པ་མ་ཟད། ད་དུང་ས་བབ་མཐོ་ཚད་སྨི་6161ཟིན་པའི་ཨར་ཅིན་ལ་བརྒྱབ་དགོས་ཀྱི་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་376.41གཏོང་རྒྱུ་དང་འཛུགས་སྐྲུན་ལས་ཡུན་ལོ་5ཡིན་ཞིང་། ཟླ་11ཚེས་16ཉིན་གོར་མོ་ནས་ཁུ་ཨར་ལེ་བར་གྱི་ལྕགས་ལམ་གྱི་ཤིན་ཅང་གི་དུས་འགོའི་དུམ་བུ་སྐྲུན་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།