མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།བོད་རང་ལྗོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་འཕྲིན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་དང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད།
       ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
       ཏེང་ཞའོ་ཀང་གིས་འདི་ལོ་ནས་བཟུང་ཛ་དྲག་ལ་རྙོག་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ཁྲོད་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་མཛུབ་ཁྲིད་འོག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་ལས་སྒྲུབ་དཔུང་སྡེས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་མཚམས་རང་བཞིན་གྱི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་འཕྲལ་མར་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན་གྱི་བཀོད་སྒྲིག་བྱས་ཐོག་ལས་དོན་ཁག་བཀོད་སྒྲིག་ཞིབ་ཚགས་དང་གོ་རིམ་ལྡན་པ་ཞིག་བྱུང་བ་མ་ཟད། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ནུས་ལྡན་དང་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།
       ཏེང་ཞའོ་ཀང་གིས་གཅིག་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་ཡོང་བ་བྱས་ནས་སྣང་མེད་དང་། ལྷོད་གཡེང་། སྟེས་དབང་བཅས་མི་བྱེད་པར་སྔ་རྒྱུན་གཞིར་བཞག་གིས་ལས་ཀའི་སྔོན་མཐོང་རང་བཞིན་དང་། རང་འགུལ་རང་བཞིན། རྒྱང་ལྟའི་རང་བཞིན། འཕྲལ་གཅོད་རང་བཞིན་བཅས་ཆེ་རུ་བཏང་ནས་སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་བརྒྱབ་སྟེ་ཆུ་མ་ཤོར་གོང་ནས་ཆུ་རགས་བརྒྱབ་ཐོག་སྔོན་ལ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁ་གཏད་གཅོག་པའི་ཉེན་ཁ་ཁག་ལ་འགྲན་རྩོད་བྱེད་པའི་གྲ་སྒྲིག་ལེགས་པར་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་དང་། འགག་རྩ་དམ་འཛིན། འབྱུང་འགོ་ནས་དམ་འཛིན། གཙོ་གནད་དམ་འཛིན་བཅས་ཏན་ཏིག་བྱེད་པ། རླངས་སྣུམ་དང་འབར་གས་སླ་བའི་དངོས་རྫས་དང་དེ་བཞིན་འབར་རྫས་བཟོ་བའི་མ་བཅོས་རྒྱུ་ཆ་གཉེར་སྐྱོང་དང་ཕྱིར་འཚོང་བྱེད་པའི་རང་མིང་ཐོ་འགོད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། དངོས་འཐབ་ནང་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཏང་སྲིད་དམག་ཉེན་ལས་ཁུངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལྟེ་བའི་ཐང་ཆེན། མི་སྣ་འདུ་འཛོམས་ཆེ་ཁུལ། ཡུལ་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་གཙོ་བོ་སོགས་ཁུལ་གལ་ཆེན་དང་ཚོར་སྣང་སྐྱེན་ཁུལ་ལ་ལངས་གཟུགས་སྔོན་འགོག་ཚོད་འཛིན་དང་དྲ་མིག་ཅན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། ཐག་རིང་ལུང་ཁུག་དང་དོ་དམ་ཚོད་འཛིན་ཉམས་ཞན་གྱི་ས་ཆར་ཚད་མཐོའི་འགོག་ཟོན་བྱས་ནས་ཟངས་གྱང་ལྕགས་རྩིག་དང་གནམ་རྒྱ་ས་རྙི་བརྟན་པོ་ཞིག་བཙུགས་ཏེ་ཁྲིམས་འགལ་ཉེས་ཅན་ཡིབ་ས་མེད་པ་དང་གོ་སྐབས་མ་རྙེད་པ་བྱས་ནས་སྔོན་གཏན་འཁེལ་བའི་ལས་ཀའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས་པ། གསུམ་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་སྔོན་གཏན་འཁེལ་བའི་ལས་བགོས་ལྟར་རང་སོ་སོའི་ཁྱབ་ཁོངས་ནང་གི་ལས་ཀར་ཁྱོན་ཡོངས་དང་། ནན་ཏན། ཞིབ་ཚགས་བཅས་ངང་དམ་འཛིན་བྱེད་པ་དང་། སྤྱི་ཡོངས་མཉམ་སྒུལ་དང་མཉམ་སྒྲུབ་མཉམ་འགོག་གིས་རང་འགུལ་དམག་དང་། སྤྱི་ཡོངས་དམག མཐུན་སྦྱོར་དམག་བཅས་ཡག་པོ་རྒྱག་པ། འགན་འཁྲི་ཁ་གསལ་དང་། ལས་འགན་ཁ་གསལ། སྒྲིག་ཁྲིམས་ནན་པོ་བཅས་ཏན་ཏིག་ཡོང་བ་བྱས་ནས་བཀོད་སྒྲིག་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོབ་རྒྱུའི་འགན་ལེན་བཅས་བྱས་ཏེ་འགོ་ཁྲིད་ཀྱིས་མཐོང་ཆེན་མི་བྱེད་པ་དང་། ལས་ཀ་ནུས་ལྡན་མེད་པ། བྱ་ཐབས་དོན་འཁྱོལ་བྱུང་མེད་པའམ་ཡང་ན་གནད་དོན་ལྷག་པར“མི་བལྟོས་པ་གསུམ”གྱི་རྩ་དོན་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།