མི་དམངས་དྲ་བ།

༄༅།།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གྱོད་གཞི155ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

       མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྤྱི་ཚེས་28ཉིན་གཟའ་འཁོར་རེའི་བརྡ་ཁྱབ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཉེ་ཆར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་དཔེ་མཚོན་གྱོད་གཞི་155ཡོངས་བསྒྲགས་བྱས་ཡོད་པ་རེད། གྱོད་གཞི་དེ་དག་ནི་གཙོ་བོ་སྒྲིག་སྲོལ་ལས་འགལ་ནས་འབུལ་རྟེན་དངུལ་བླངས་པ་དང་། སྒྲིག་སྲོལ་ལས་འགལ་ནས་ཞབས་ཞུ་བྱ་ཡུལ་ནས་གསོལ་སྟོན་བཤམས་པ་དང་ལེན་བྱས་པ། གཞུང་དངུལ་བཏང་ནས་ཡུལ་སྐོར་བྱས་པ། གཞུང་དངུལ་བཏང་ནས་ཉོ་སྒྲུབ་ག་ཤོག་ཉོས་པ། མནའ་མ་བསུ་ལེན་དང་གཤིན་པོ་དུར་འཇུག་གྲ་རྒྱས་པོ་བྱས་པ། གཞུང་དངུལ་བཏང་ནས་རྒྱས་བཟའ་རྒྱས་འཐུང་བྱས་པ། གཞུང་གི་རླངས་འཁོར་སྒེར་གྱིས་བེད་སྤྱོད་བཏང་བ། སྒྲིག་སྲོལ་ལས་འགལ་ནས་ཕན་ཁེ་སྤྲད་པ། སྒེར་གྱི་དངུལ་མཛོད་ཆུང་ཆུང་བཟོས་པ། ལས་ཀའི་སྒྲིག་སྲོལ་ལས་འགལ་བ། འགན་འཛོལ་ཤོར་བ། སྒྲིག་སྲོལ་ལས་འགལ་ནས་ཐོག་ཁང་དང་ངལ་གསོ་ཁང་སོགས་སྐྲུན་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད།