འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་༼2014ལོ་ནས་2018ལོ་བར་གྱི་རྒྱལ་ཡོངས་
    ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་འཆར་གཞིའི་རྩ་གནད་༽བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 08:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《2014ལོ་ནས་2018ལོ་བར་གྱི་རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་འཆར་གཞིའི་རྩ་གནད》(གཤམ་དུ་བསྡུས་མིང་ལ《འཆར་འགོད་རྩ་གནད》ཅེས་བརྗོད་རྒྱུ)བཀྲམས་པ་དང་སྦྲགས་བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།
          《འཆར་འགོད་རྩ་གནད》ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་ནན་ཏན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཡོངས་ཀྱི་རིམ་ཁག་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པས། དེ་ནི་དུས་བབ་གསར་པའི་འོག་ཏང་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་ཡོང་བ་དང་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།
          《འཆར་འགོད་རྩ་གནད》ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་རྒྱུར་དམ་པོར་དམིགས་པ་དང་། ཏང་ནན་པོ་སྐྱོང་བ་དང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་། ལམ་ལུགས་ཀྱིས་ཏང་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་བསམ་དད་སེམས་བརྟན་པོ་དང་། ཏང་གཤིས་འདུ་ཤེས་ཟབ་པ། བླ་ན་མེད་པའི་ཀུན་སྤྱོད་ཀྱི་འཁྱེར་སོ་རྒྱུན་འཁྱོངས་བྱ་རྒྱུ་གཙོ་གནད་དུ་བྱེད་པ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་ཏུ་གཏོང་བ་དང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པ། སྤྱོད་ཚུལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་དམ་འཛིན་བྱེད་གཞིར་བྱེད་པ། འགོ་ཁྲིད་ཚན་ཁག་གི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། རུལ་རྒོལ་གཙང་སྤེལ། ལམ་ལུགས་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད།
           《འཆར་འགོད་རྩ་གནད》ནང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་གསོ་སྦྱོང་ཏན་ཏིག་བྱེད་པ་དང་། ཏང་གཤིས་ཏང་སྲོལ་སློབ་གསོར་ཤུགས་སྣོན་ཆེན་པོ་རྒྱག་པ། ཏང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་ལག་བསྟར་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་རྒྱུར་སྐུལ་མ་གཏོང་དགོས་ཞེས་བཏོན་ཡོད།
          ཡང《འཆར་འགོད་རྩ་གནད》ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ནན་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་དང་། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་བྱེད་པའི་ལས་འགན་ལག་བསྟར་ནན་ཏན་བྱས་ཏེ་ཚད་གཞི་ནན་པོའི་ཐོག་ནས་ལས་བྱེད་པར་བླང་བྱ་འདོན་པ་དང་། བྱ་ཐབས་ནན་པོའི་ཐོག་ནས་ལས་བྱེད་པར་དོ་དམ་བྱེད་པ། སྒྲིག་ཁྲིམས་ནན་པོའི་ཐོག་ནས་ལས་བྱེད་པར་གཅུན་སྡོམ་བྱེད་པ། འགོ་ཁྲིད་ལས་བྱེད་པ་གཙོ་བོས་དབང་ཆ་སྤྱོད་སྐབས་ཚོད་འཛིན་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པའི་སྒོ་ནས་ཉིན་རེའི་དོ་དམ་ལྟ་སྐུལ་ནན་པོ་བྱེད་པའི་ལམ་ལུགས་བཙུགས་ནས་འཐུས་ཚང་དང་དོན་འཁྱོལ་ཡོང་བ་བྱས་ཏེ་འགོ་ཁྲིད་ཚན་ཁག་གིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཐག་གཅོད་པའི་ལམ་ལུགས་འཛུགས་དགོས་པའི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།