འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་མུའུ་ཧྲིང་ཀྲོང་དམག་འཛིན།

    མི་དམངས་དྲ་བའི་གསར་འགོད་པ། སྙིང་ལྕགས་རྒྱལ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་མུའུ་ཧྲིང་ཀྲོང་དམག་འཛིན།
        མི་དམངས་དྲ་བའི་གསར་འགྱུར། ཟླ་༡༠ཚེས་༡༥ཉིན་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་གྱི་གསར་འགོད་བཅའ་འདྲི་ཚོགས་པ་ན་གོར་མོ་གྲོང་ཁྱེར་གྱི་དམག་འཛིན་ཐོག་ཁང་སྤྱི་གླིང་དུ་ཕྱིན་ཏེ་མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་དམག་འཛིན་མུའུ་ཧྲིང་ཀྲོང་ལགས་ཀྱི་ལོ་རྒྱུས་དང་མཚོ་བོད་གཞུང་ལམ་ཐོག་མར་སྐྲུན་དུས་ཀྱི་གནས་ཚུལ་ལ་རྒྱུས་མངའ་བྱས། 
         དམག་འཛིན་ཐོག་ཁང་དེ་སྤྱི་ལོ་༡༩༥༦ལོའི་ཟླ་༡༠བར་གསར་དུ་སྐྲུན་པ་དང་། དེ་ནི་མཚོ་བོད་གཞུང་ལམ་གསར་སྐྲུན་བྱེད་པའི་དམག་འཛིན་མུའུ་ཧྲིང་ཀྲོང་གི་གཞིས་ཤག་སྟེ། ཁོང་ཉིད་ཀྱི་སྡོད་གནས་དང་གཞུང་ལས་སྒྲུབ་སའི་གནས་ཡིན་པ་མ་ཟད། མཚོ་བོད་གཞུང་ལམ་གསར་སྐྲུན་བྱེད་སྐབས་ཀྱི་བཀོད་འདོམས་པུའུ་ཡང་ཡིན་པ་རེད།
         དམག་འཛིན་མུའུ་ཧྲེང་ཀྲོང་ནི་སྤྱི་ལོ་༡༩༡༠ལོ་ཧྲན་པེ་ཞིང་ཆེན་ཝུ་པའོ་རྫོང་དུ་སྐྱེས་ཤིང་། སྤྱི་ལོ་༡༩༣༠ལོར་ཧྲན་པེ་དམར་དམག་ནང་ཞུགས། སྤྱི་ལོ་༡༩༥༡ལོའི་ཟླ་༨པར་བོད་ལྗོངས་བཟོ་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་དང་། དེ་མིན་བོད་བསྐྱོད་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་བཞེས་ཏེ་དམག་མི་༡༦༦༣སྣེ་འཁྲིད་དེ་ཟླ་བ་བཞིའི་རིང་གི་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་བོད་ལྗོངས་སུ་འབྱོར་བ་རེད། སྤྱི་ལོ་༡༩༥༣ལོར་མུའུ་ཧྲེང་ཀྲོང་གིས་འབྲུ་རིགས་སྐྱེལ་འདྲེན་རུ་ཁག་འཁྲིད་དེ་ན་གོར་མོ་ནས་བོད་ལྗོངས་སུ་ཐེངས་གཉིས་ལ་ཕྱིན། ༡༩༥༤ལོར་མཚོ་བོད་གཞུང་ལམ་དངོས་སུ་ཤར་གཏོང་བྱས་ཤིང་། དུས་དེ་ནས་བཟུང་བོད་ལྗོངས་སུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། མཚོ་བོད་གཞུང་ལམ་ཤར་གཏོང་བྱུང་བའི་ཁྲོད། དམག་འཛིན་མུའུ་ཧྲེང་ཀྲོང་གི་མཛད་རྗེས་ནི་བླ་ན་མེད་པ་ཞིག་ཡིན་པས། ཁོང་ལ་མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་ཅེས་པའི་མཚན་སྙན་གསོལ་ཡོད་པ་རེད།
          ༢༠༡༠ལོའི་ཟླ་༡༠པར་དམག་འཛིན་ཐོག་ཁང་སྤྱི་གླིང་དེ་མཚོ་ནུབ་ཁུལ་གྱི་ནར་སོན་མེད་པའི་གཞོན་ནུའི་བསམ་བློ་ཀུན་སྤྱོད་གསོ་སྐྱོང་བྱེད་པའི་ཕུལ་བྱུང་བྱེད་སྒོ་སྤེལ་སའི་རྟེན་གཞིར་གྱུར་ཡོད་པ་དང་། སྤྱི་ལོ་༢༠༡༢ལོར་མཚོ་སྔོན་ཞིང་ཆེན་ཞིང་ཆེན་རིམ་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་འདེམས། མཚོ་བོད་གཞུང་ལམ་གསར་སྐྲུན་གྱི་བཀོད་འདོམས་པུའི་གནས་རྙིང་༼དམག་འཛིན་ཐོག་ཁང་༽དེའང་༢༠༠༨ལོའི་ཟླ་༤པར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་ཐེངས་བརྒྱད་པའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་བདམས་པ་དང་། ༢༠༡༣ལོའི་ཟླ་༥པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་རྩ་ཆེན་གྱི་གྲས་སུ་བཅུག་པ་རེད།
    ༄༅།།མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་མུའུ་ཧྲིང་ཀྲོང་དམག་འཛིན།
    ༄༅།།མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་མུའུ་ཧྲིང་ཀྲོང་དམག་འཛིན།
      

    ཕྱོགས་བསྡུས་གསར་འགྱུར།