འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་
    དུང་ཕྱུར་126ཟིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཀྱི་རྒྱལ་ཁྲལ་སྡེ་ཚན་གྱིས་ཁྲལ་འབབ་ཁག་སྒོར་དུང་ཕྱུར་125.89བསྡུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་24%འཕར་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁྲལ་འབབ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། དུས་ཚོད་ཀྱི་ཐོག་ནས་བལྟས་ཚེ་ཁྲལ་འབབ་ཀྱི་སྤྱི་འབོར་དང་འཕར་ཚད་ཚང་མ་ཉེ་བའི་ལོ་10ཚུན་གྱི་ཆུ་ཚད་མཐོ་ཤོས་ཀྱི་ཁོངས་སུ་གཏོགས་པ་དང་ཐེངས་གཅིག་རང་བཞིན་གྱི་ཁྲལ་འབབ་འཕར་བའི་རྒྱུ་རྐྱེན་དེ་དུས་མཚུངས་ལས་ལོ་3བསྟུད་མར་ཆག་ནས་ཁྲལ་འབབ་ཀྱི་སྤུས་ཚད་དང་ནུས་ཕྱོད་གཉིས་ཀར་སྣང་ཆེན་བྱ་རྒྱུར་སྔར་བས་སྐུལ་མ་ཐེབས་ཡོད་པ་རེད།
        དུས་ཚིགས་དང་པོ་ནས་གསུམ་པའི་བར་མཛོད་འཇུག་གི་ཁྲལ་འབབ་ཁག་སྒོར་དུང་ཕྱུར་2.37ལ་གསབ་བཤེར་བྱས་པ་དང་རྒྱུ་མང་ཅན་གྱི་རེ་ཞུའི་ལས་སྒོ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་ཁྲལ་བསྡུའི་ཞབས་ཞུ་ལེགས་སུ་བཏང་ཡོད། ཟླ་བ་དགུ་པའི་བར་བོད་ལྗོངས་སུ་ཁྲལ་འཇལ་དུད་ཚང་1049དྲ་ཐོག་ནས་རེ་ཞུ་བདེ་བླག་བྱུང་བ་དང་ཁྲལ་འཇལ་དུད་ཚང་4087ནོར་ཁྲལ་དངུལ་མཛོད་ཀྱི་ལས་རིགས་གཅིག་པའི་དྲ་སྦྲེལ་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།