འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་ནོ་པའེ་ཞི་བདེ་གཟེངས་རྟགས་མི་གཉིས་ལ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་11ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༢༠༡༤ལོའི་ནོ་པའེ་ཞི་བདེ་གཟེངས་རྟགས་མི་གཉིས་ལ་ཐོབ་པ།
         ཕ་ཁི་སི་ཐན་གྱི་ཕྲུ་གུའི་ཤེས་ཡོན་གྱི་ཐོབ་ཐང་རྩོད་ལེན་མཁན་མྰ་ལ་ལ་དང་། རྒྱ་གར་གྱི་སྐུ་ཞབས་ཁའེ་ལ་ཧྲི་ཧྲ་ཐུའུ་ཡྰ་ཐུའུ་རྣམ་གཉིས་ཀྱིས་ལོ་དུ་མའི་རིང་རང་སོ་སོའི་རྒྱལ་ཁབ་ནང་ཕྲུ་གུའི་ཤེས་ཡོན་གྱི་ཐོབ་ཐང་རྩོད་ལེན་ནམ་ཕྲུ་གུའི་རང་དབང་བརྡལ་བཤིག་གཏོང་བའི་བྱ་སྤྱོད་ལ་འཐབ་རྩོད་བྱས་པའི་རྐྱེན། ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་རྟེན་གཞི་བྱས་པའི་ནོ་པའེ་ཞི་བདེའི་ཚོགས་ཆུང་གིས་༢༠༡༤ལོའི་ནོ་པའེ་ཞི་བདེའི་གཟེངས་རྟགས་ཁི་སི་ཐན་གྱི་བུ་མོ་མྰ་ལ་ལ་༼Pakistan Malala Yousufzai༽དང་རྒྱ་གར་གྱི་སྐུ་ཞབས་ཁའེ་ལ་ཧྲི་ཧྲ་ཐུའུ་ཡྰ་ཐུའུ་༼Kailash Satyarthi༽རྣམ་གཉིས་ལ་འབུལ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།
         བུ་མོ་མྰ་ལ་ལ་ཡིས་ལོ་མང་རིང་ཕ་ཁི་སི་ཐན་ནང་ཕྲུ་གུའི་ཤེས་ཡོན་དང་ལྷག་པར་དུ་བེུད་ཕྲུ་གུའི་ཤེས་ཡོན་གྱི་ཐོབ་ཐང་རྩད་པའི་རྐྱེན་༢༠༡༢ལོར་ལྟ་བ་མཁྲེགས་བཟུང་ཅན་གྱི་ཁ་ཆེ་བ་ཞིག་གིས་ཁོང་མོའི་མགོ་བོར་མེ་མདའ་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་གནས་ཚུལ་རྒྱ་ཁྱབ་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཤུགས་རྐྱེན་འོག་ད་ཆ་ཁོ་མོ་རྒྱལ་སྤྱིའི་ཐོག་ཕྲུ་གུའི་ཐོབ་ཐང་རྩོད་མཁན་གྱི་མགྲིན་ཚབ་ལྟ་བུར་གྱུར་ཡོད། དེ་དང་དེ་མཚུངས་རྒྱ་གར་ཀྱི་སྐུ་ཞབས་ཁའེ་ལ་ཧྲི་ཧྲ་ཐུའུ་ཡྰ་ཐུའུ་ལགས་ཀྱིས་རྒྱ་གར་ནང་དཔལ་འབྱོར་གྱི་ཁེ་ཕན་ཆེད་ཕྲུ་གུའི་ཐོབ་ཐང་ལ་རྩིས་མེད་ཀྱིས་ལོ་ཆུང་ཕྲུ་གུར་བཙན་ཤེད་ཀྱི་སྒོ་ནས་ངལ་རྩོལ་ལས་ཀར་སྐུལ་བའི་ལམ་ལུགས་ཐེར་འདོན་དང་། ཕྲུ་གུ་ཚོར་ཤེས་ཡོན་གྱི་ཐོབ་ཐང་དང་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་རྩོད་ལེན་ཆེད་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་རྔམ་སྟོན་དང་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད།
         བུ་མོ་མྰ་ལ་ལ་༢༠༡༣ལོར་ནོ་པའེ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ལྡན་པ་དང་། འདི་ལོར་ནོ་པའེ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་༢༠༠ལྷག་གི་ནང་ནས་ཁོ་མོར་རྒྱལ་ཁ་ཐོབ་སྟེ། ནོ་པའེ་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་༼ལོ་༡༧༽དེ་ཆགས་ཡོད་འདུག་གོ  །
      

    ཕྱོགས་བསྡུས་གསར་འགྱུར།