འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།འཆི་མེད་དབང་མོར་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་13ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།འཆི་མེད་དབང་མོར་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ་པ།
        ཟླ་༡༠པའི་ཚེས་༡༢ཉིན་ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་དུ་འཚོགས་པའི་ཀྲུང་གོའི་གསེར་གྱི་བྱ་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་དང་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་བྱ་གླག་རྟགས་མ་སྐབས་ཉེར་བདུན་པའི་བྱ་དགའ་གནང་བའི་མཛད་སྒོའི་ཐོག་ཁམས་པ་བརྙན་འཕྲིན་གྱི་མདོ་འཛིན་པ་འཆི་མེད་དབང་མོར་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ་པ་རེད། 
        འཆི་མེད་དབང་མོ་ནི་སྤྱི་ལོར་༢༠༠༠ལོར་དར་མདོ་མི་རིགས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས། དར་མདོ་རྫོང་བརྙན་འཕྲིན་ཁང་དུ་མདོ་འཛིན་དང་། གསར་འགོད་པ། བོད་རྒྱ་སྐད་གཉིས་ལོ་ཙཱ་སོགས་ཀྱི་ལས་ཀ་གཉེར་ནས་སྨྱན་སྦྱོར་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས། ༢༠༠༩ལོའི་ཟླ་༩པར་ཁམས་པ་བོད་སྐད་བརྙན་འཕྲིན་དུ་ལས་གནས་སྤོར་ནས་གསར་འགྱུར་རྒྱང་སྒྲོག་པའི་འགན་བཞེས་ཀྱིན་ཡོད་པ་རེད།
    ༄༅།།འཆི་མེད་དབང་མོར་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།