འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།སྐབས་ལྔ་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
    མཛད་སྒོ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།སྐབས་ལྔ་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
མཛད་སྒོ་པེ་ཅིང་དུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་གྱི་སྔ་དྲོར། སྐབས་ལྔ་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོ་པེ་ཅིང་བོད་སྨན་ཁང་དུ་འཚོགས་པ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ནི་པེ་ཅིང་གྲོང་ཁྱེར་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། རི་བོ་རྩེ་ལྔ་བཅས་ནས་ཡོང་བ་ཡིན་ཞིང་། ཁྱོན་བསྡོམས་སློབ་མ་137ཡོད་པ་རེད། དེ་སྐབས་རིམ་པའི་ཟབ་སྦྱོང་འཛིན་གྲྭའི་མི་གྲངས་དང་བསྡུར་ན་ཆེས་མང་ཤོས་ཡིན་པ་རེད་དོ།  །
        པེ་ཅིང་བོད་ལུགས་སྨན་ཁང་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འགོ་ཁྲིད་བྱེད་ཅིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྨན་བཅོས་ལས་ཁུངས་ཤིག་ཡིན་ཞིང་། དེའི་ནང་བོད་སྨན་གཙོ་བོ་བྱས་ཐོགསྨན་བཅོས་དང་ཚན་རིག་ཞིབ་འཇུགསློབ་ཁྲིད་བཅས་མཉམ་གཉེར་བྱེད་བཞིན་ཡོད། པེ་ཅིང་བོད་ལུགས་སྨན་ཁང་གིས་བོད་ལྗོངས་སོགས་བོད་ཁུལ་གྱི་བོད་སྨན་ཁང་གྲགས་ཅན་རྣམས་དང་མཉམ་ལས་བྱས་ནས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། དུས་མཚུངས་སུ་བོད་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་དུ་སྒྱུར་བའི་ཚན་རིག་ཞིབ་འཇུག་བྱས་ཏེ། བོད་ཀྱི་གསོ་རིག་སྨན་རྫས་དེ་མཐོ་སྒང་ནས་འཛམ་གླིང་དུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད། སྨན་ཁང་འདིས་དུས་རྟག་ཏུ་བོད་ཀྱི་ཕུལ་བྱུང་གསོ་རིག་སྨན་བཅོས་བྱེད་ཐབས་སྤྱད་དེ་སྙིང་རྩ་དང་ཀླད་རྩའི་ནད་རིགས་གསོ་བཅོས་དང་། བོད་ལྗོངས་དང་མི་རིགས་ས་ཁུལ་གཞན་དག་གི་སྨན་རྫས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་སའི་གནས་བབ་ལེགས་པོ་དང་། བརྡ་འཕྲིན། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་བཟང་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ནད་པར་ཞབས་ཞུས་པ་བརྒྱུད། བོད་ལུགས་གསོ་རིག་དང་མི་རིགས་གཞན་གྱི་གསོ་རིག་རྒྱལ་ཡོངས་དང་འཛམ་གླིང་ལ་སྤེལ་བ། བོད་ཀྱི་གསོ་རིག་དང་སྨན་རྫས་རིག་པ་སློབ་ཁྲིད། བོད་སྨན་གྱི་ཆེད་ལས་ཤེས་ལྡན་པ་བསྐྱེད་བསྲིང་བཅས་བྱས་ནས་རང་རྒྱལ་གྱི་བོད་སྨན་ལས་དོན་གོང་དུ་སྤེལ་བ་དང་། བོད་ཀྱི་གསོ་རིག་དང་སྨན་རྫས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་དེ་ཉིད་ཐོན་ལས་ཅན་དུ་འགྱུར་བར་བྱས་ཏེ་བོད་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཞབས་ཞུ་སྒྲུབ་བཞིན་ཡོད་པ་རེད།
    ༄༅།།སྐབས་ལྔ་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
མཛད་སྒོ་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།