འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་
    གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་གལ་ཆེན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་མ་ཟད། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཕུན་སུམ་ཚོགས་པོའི་ངང་གཉེར་བའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་པ་རེད།
        ཚོགས་འདུའི་ཐོག་རང་ལྗོངས་དེ་ཉིད་རྗེས་སྙེག་འཕེལ་རྒྱས་བཏང་ནས་མདུན་སྐྱོད་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་པས་འཕེལ་རྒྱས་ཀྱི་མྱུར་ཚད་དང་སྤུས་ཚད་ངེས་ཅན་ཞིག་མེད་ཚེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཐབས་བྲལ་ཡོད། འཕེལ་རྒྱས་ཀྱི་དམིགས་ཚད་དམ་བཟུང་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། རྣམ་གྲངས་ཀྱི་སྐུལ་ཁྲིད་ལ་དམ་འཛིན་ལྷོད་མེད་དང་མ་འཇོག་གི་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་དམ་འཛིན་ཤུགས་ཆེན་བྱེད་པ། ཕུགས་ལ་ཕན་པ་དང་རྨང་གཞི་འདིང་བའི་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་པོ་ལྷོད་གཡེང་མི་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གོ་སྐབས་དམ་འཛིན་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་དོན་སྒྲུབ་པ། གཙོ་གནད་ལས་དོན་དང་། འགག་རྩའི་ལྷུ་ཚིགས། ཁྱབ་ཁོངས་གཙོ་བོ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པའི་ཁར་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དང་། འཛད་སྤྱོད་བྱེད་མང་དུ་གཏོང་བ། ཐོན་ལས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་འགན་སྲུང་བྱེད་པ། སྒོ་རྒྱ་ཆེར་དབྱེ་བ་སོགས་ཀྱི་ཐད་ལ་ཤུགས་སྣོན་ཆེས་ཆེར་བརྒྱབ་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་དང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
        ཚོགས་འདུའི་ཐོག་སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཕུན་སུམ་ཚོགས་པོའི་ངང་གཉེར་ཐུབ་དོན་གཙོ་བོ་ནི།དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་གསར་པ་ལེགས་པར་མངོན་པས་ཡིན།ལྗོངས་ཕྱི་ནང་གི་རིམ་ཁག་སྨྱན་སྦྱོར་ཚན་པ་30ལྷག་ཙམ་གྱིས་ཆ་ཚང་བ་དང་ཁྱོན་ཡོངས་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་གནས་ཚུལ་གཏོང་སྤེལ་བྱས་པས“མི་ཡུལ་གྱི་གནས་མཆོགམཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པ་དེ་མི་མང་པོ་ཞིག་གི་གླེང་ཡུལ་དུ་གྱུར་པ་དང་དྲིལ་བསྒྲགས་མངོན་གསལ་དོད་པོ་དང་གཏིང་ཟབ་ཡོང་བ་བྱས་པས་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་སྔར་བས་གསལ་དུ་ཕྱིན་ཡོད།དེའི་རིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4ལྷག་ཙམ་ལ་སྣེ་ལེན་བྱས་པའི་ནང་རིག་གནས་འགྲེམས་ཁུལ་ནས་སྒོར་ཁྲི་450ལྷག་ཙམ་རི་བའི་ཐོན་ཟོག་བྲིན་ཚོང་དང་མངགས་ཉོ་བྱུང་བ་མ་ཟད།བོད་ལྗོངས་འགྲེམས་ཚོགས་སྐབས་རྣམ་གྲངས་33ལ་གན་རྒྱའི་མིང་རྟགས་བཀོད་པར་ཁྱོན་སྒོར་དུང་ཕྱུར་387.27ཟིན་ཡོད་ཅེས་བསྟན་ཞིང་།ཚོགས་འདུའི་ཐོག་སྐབས་རྗེས་མའི་བོད་ལྗོངས་འགྲེམས་ཚོགས་སྔོན་ཚུད་ནས་འཆར་འགོད་བྱས་ཏེ་མཐོ་རིམ་ཇུས་འགོད་ལ་སྣང་ཆེན་གྱིས་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་རྩེར་སོན་སྤུས་རྟགས་ཡིན་པའི་བོད་ལྗོངས་འགྲེམས་ཚོགས་དེ་ཉིད་བེད་སྤྱོད་ཡག་པོ་དང་སྐྱེད་སྲིང་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པའི་ཐོག་ནས་བོད་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།