འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྙན་ངག་པ་ཅི་ཏི་མ་ཅ་ལ་༢༠༡༤ལོའི་ལྷོ་ཨ་ཧྥེ་རི་ཁའི་མུའུ་ཅི་ཝའི་མི་ཆོས་
    རིང་ལུགས་ཀྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ཅི་ཏི་མ་ཅའི་སློབ་མས་༼གཡས་༽བྱ་དགའ་ཚབ་ལེན་ཞུས་པ།
    ཅི་ཏི་མ་ཅའི་སློབ་མས་༼གཡས་༽བྱ་དགའ་ཚབ་ལེན་ཞུས་པ།
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་སྙན་ངག་པ་དང་རིག་གནས་མཁས་ཅན། མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ཨུའམ་ཞིང་ཆེན་དྲིལ་བསྒྲགས་པུའི་པུའུ་ཀྲང་ ཅི་ཏི་མ་ཅ་༼དབྱིས་རིགས་༽(吉狄马加)ལ་༢༠༡༤ལོའི་ལྷོ་ཨ་ཧྥེ་རི་ཁའི་མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཀྱི་བྱ་དགའ་(姆基瓦人道主义奖)ཐོབ་པ་རེད། 
         མུའུ་ཅི་ཝའི་མི་ཆོས་རིང་ལུགས་ཀྱི་བྱ་དགའ་ནི་ལྷོ་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྲགས་ཅན་ནམ་མི་སེར་སྤེལ་བར་ངོ་རྒོལ་དང་རིགས་རྒྱུད་ལོགས་དབྱེར་ངོ་རྒོལ་བྱེད་མཁན་ལི་ཁྲ་ཏེ་མུའུ་ཅི་བ་ལ་དྲན་གསོ་ཞུ་ཆེད་༡༩༩༩ལོར་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཕུགས་ཀྱི་བསམ་བློ་ལྡན་པ་དང་རྒྱ་ཆེའི་མི་དམངས་དང་འབྲེལ་འདྲིས་བྱེད་མཁན་གྱི་རྒྱལ་སྤྱིའི་སྲིད་དོན་མི་སྣ། སྤྱི་ཚོགས་བྱ་འགུལ་བ། རིག་གནས་སྒྱུ་རྩལ་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱ་ཆེད་ཡིན་པ་རེད།
    ཅི་ཏི་མ་ཅ།
    ཅི་ཏི་མ་ཅ།
      

    ཕྱོགས་བསྡུས་གསར་འགྱུར།