འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་༼མཐོ་རིམ་སློབ་གྲྭ་དཀྱུས་མའི་ཏང་ཨུད་འགོ་ཁྲིད་
    འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་རྒྱུའི་སྐོར་
    གྱི་ལག་བསྟར་བསམ་འཆར་༽པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་༼མཐོ་རིམ་སློབ་གྲྭ་དཀྱུས་མའི་ཏང་ཨུད་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་༽པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་མཐོ་རིམ་སློབ་གྲྭར་ཏང་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། ལག་ལེན་ཐོག་ནས་ལམ་ལུགས་དེ་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམས་ཡོད་པས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་དང་འབྲེལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་ར་སྤྲོད་བྱས་ཡོད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།