འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།༼ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་༽ལེགས་སྐྱེས་སུ་འབུལ་བའི་
    མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་13ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༼ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་༽ལེགས་སྐྱེས་སུ་འབུལ་བའི་
མཛད་སྒོ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ༡༠བའི་ཚེས་༩ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་པེ་ཅིང་བོད་སྨན་ཁང་ལ་༼ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེཅའི་དཔེ་རྙིང་ཀུན་བཏུས་༽ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་དེ་པེ་ཅིང་བོད་སྨན་ཁང་དུ་བསྡུས་ཤིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དཔེ་རྙིང་དཔྱད་ཡིག་ལེགས་སྒྲིག་ཚན་ཆུང་གིས་འཚོལ་སྡུད་དང་ལེགས་སྒྲིག་གནང་བ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཉེ་ལམ་པར་བསྐྲུན་གནང་བའི་༼ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་༽ཞེས་པའི་དཔེ་ཚོགས་འདི་ནི་རང་རྒྱལ་གྱི་ཆེས་ཆེ་བའི་བོད་ཀྱི་གསོ་རིག་དཔེ་རྙིང་མྱུར་སྐྱོབ་རིགས་ཀྱི་པར་བསྐྲུན་རྣམ་གྲངས་ཤིག་ཡིན།
         དཔེ་ཚོགས་འདིར་བསྡོམས་པས་པོ་ཏི་༣༠དང་ཡིག་འབྲུ་ཁྲི་༢༧༠༠ཡོད། ནང་དོན་ཐད་གཙོ་ཆེར་བོད་ལུགས་གསོ་རིག་ལོ་རྒྱུས་དང་། རྨང་གཞིའི་གཞུང་ལུགས། སྨན་རྫས། ནད་ཐོག་ཉམས་མྱོང་། སྨན་སྦྱོར། གནམ་རིག་སྐར་རྩིས་སོགས་འདུས་པ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།