འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་གྲངས་རིག་མཁས་ཅན་གྱི་ཚོགས་འདུ་རེའོ་རུ་འཚོགས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་སྤྱིའི་གྲངས་རིག་མཁས་ཅན་གྱི་ཚོགས་འདུ་རེའོ་རུ་འཚོགས།
         མི་དམངས་དྲ་བའི་འཕྲིན། ལོ་བཞིའི་ནང་ཐེངས་རེར་སྤེལ་བའི་རྒྱལ་སྤྱིའི་གྲངས་རིག་མཁས་ཅན་གྱི་ཚོགས་འདུ་ཟླ་8ཚེས་1ཉིན་པར་ཙིར་གྱི་རེའོ་ཏེ་ཡེ་ཇེ་ནེ་རའོ་རུ་འགོ་བཙུགས་པ་དང་། གྲངས་རིག་མཁས་ཅན་བཞི་ལ་འགོ་འཛུགས་མཛད་སྒོའི་ཐོག་གྲངས་རིག་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ་ཧྥེར་ཙིའི་བྱ་དགའ(Fields Medal)ཐོབ་པ་རེད། ཧྥེར་ཙིའི་བྱ་དགའ་ནི་1923ལོར་དངོས་སུ་བཙུགས་པ་དང་། དེ་ནི་ཁ་ན་ཏའི་གྲངས་རིག་པ་ཇོན་ཆར་སི་ཧྥེར་ཙི་ཡི་མིང་བཏགས་པ་རེད། ཐེངས་འདིའི་རྒྱལ་སྤྱིའི་གྲངས་རིག་མཁས་ཅན་གྱི་ཚོགས་འདུའི་དུས་ཡུན་ཉིན་9ཡིན་པ་དང་། གོ་ལ་ཧྲིལ་པོའི་གླིང་ཆེན་ལྔ་ནས་ཡོང་བའི་གྲངས་རིག་མཁས་ཅན་ཚོས་ཁོང་རྣམ་པའི་རང་སོ་སོའི་ཆེད་ལས་ཁྲོད་དུ་ཐོབ་པའི་གྲུབ་འབྲས་མཉམ་རོལ་བྱ་རྒྱུ་མ་ཟད། ད་དུང་གྲངས་རིག་གི་སློབ་ཚན་དང་འབྲེལ་ཡོད་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་པས། སྔོན་དཔག་ལྟར་ན་གཏམ་བཤད་དང་བགྲོ་གླེང་། སྤེལ་རེས་བྱ་འགུལ་ཐེངས་1200སྤེལ་རྒྱུ་ཡིན། 
    ༄༅།།རྒྱལ་སྤྱིའི་གྲངས་རིག་མཁས་ཅན་གྱི་ཚོགས་འདུ་རེའོ་རུ་འཚོགས།
      

    ཕྱོགས་བསྡུས་གསར་འགྱུར།