འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱིས་ཨོ་ལིམ་ཕིག་རྟེན་རྫས་བཤམས་མཛོད་ཁང་དུ་དགུན་དུས་
    ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱེ་ཟེགས་སྨུག་པོའི་སྒྱུ་རྩལ་འགྲེམས་སྟོན་ཐེངས་
    དང་པོ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཕ་ཁི་སི་ཐན་གྱི་དྲང་བདེན་ལས་འགུལ་ཏང་གི་ཀྲུའུ་ཞི་དབྱི་མུའུ་ལན·ཧན་གྱིས། དྲང་བདེན་ལས་འགུལ་ཏང་གིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འདུ་ཤེས་ལ་རྒྱབ་སྐྱོར་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         དབྱི་མུའུ་ལན·ཧན་གྱིས་ཉེ་ཆར་དབྱི་སི་ལམ་པོར་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིང་དང་ཐུག་འཕྲད་བྱས་ཤིང་། ཁོང་གིས་ཀྲུང་གོ་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་ནི་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་ཡིན་པ་དང་། དྲང་བདེན་ལས་འགུལ་ཏང་གིས་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡི་རང་ཆེན་པོའང་བྱེད་ཀྱི་ཡོད། དྲང་བདེན་ལས་འགུལ་ཏང་གིས་དམངས་ཆེད་སྲིད་སྐྱོང་བའི་འདུ་ཤེས་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། རུལ་རྒོལ་དང་། དབུལ་སྐྱོར། ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་འཛུགས་སྐྲུན་སོགས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཕ་ཁི་སི་ཐན་གྱི་རྒྱ་ཆེའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བརྗོད།
         དབྱི་མུའུ་ལན·ཧན་གྱིས། དྲང་བདེན་ལས་འགུལ་ཏང་གིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འདུ་ཤེས་ལ་རྒྱབ་སྐྱོར་དང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་མཉམ་ལས་ཀྱིས་ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ལ་གལ་ཆེའི་གོ་སྐབས་གསར་པ་སྤྲོད་ངེས་ཡིན་པའི་ཡིད་ཆེས་ཡོད། དྲང་བདེན་ལས་འགུལ་ཏང་གིས་སྲིད་བསྐྱངས་རྗེས་ཀྲུང་གོ་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་གཏིང་ཟབ་ངང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
         ཡའོ་ཅིང་གིས། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་མུའུ་ལན·ཧན་དང་དྲང་བདེན་ལས་འགུལ་ཏང་གིས་ཉེ་དུས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བའི་ཐད་འདོད་ཚུལ་ཡག་པོ་འཛིན་པར་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་ཕ་ཁི་སི་ཐན་གྱི་སྲིད་གཞུང་གསར་པ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
         ཡའོ་ཅིང་གིས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྔོན་ཚུད་ལག་ལེན་བསྟར་བའི་རྣམ་གྲངས་ཆེན་པོ་ཞིག་ཡིན། ཕ་ཁི་སི་ཐན་གྱི་སྲིད་གཞུང་གསར་པས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་གཞིར་བཟུང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེ་བ་ཐོབ་པ་བྱ་རྒྱུར་སྐུལ་མ་བཏང་སྟེ་རྒྱལ་ཁབ་གཉིས་པའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།