འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྐམ་དམག་གི་འགྲན་ཞུགས་དཔོན་དམག་ཚོས་རྒྱལ་སྤྱིའི་འགྲན་རའི་ཐོག་བྱ་སྤྱོད་དངོས་ལ་
    བརྟེན་ནས“བརྒྱད་གཅིག”དམག་བཙུགས་དུས་ཆེན་ལ་གུས་འདུད་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མེས་རྒྱལ་གྱི་ནུབ་རྒྱུད་ཁུའུ་ཨེར་ལེ་ནས་ཨུ་རུ་སུའི་མོ་སི་ཁོ་བར་དང་ཧ་སག་སི་ཐན་གྱི་ཅང་པོ་ཀྲོའུ་ཡི་ཁོའར་ཏ་དབྱི་ཆུས་ནས་བྷེ་ཨུ་རུ་སུའི་པུའུ་ལེ་སི་ཐེ་བར། ཀྲུང་གོའི་སྐམ་དམག་གི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར། 2018ལོ”ཞེས་པར་ཞུགས་མཁན་དཔོན་དམག་ཚོས་ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་1ཉིན་གཅིག་རྗེས་གཉིས་མཐུད་ངང་རྒྱལ་དར་བསྒྲེངས་པ་དང་འབྲེལ་རང་སོ་སོའི་འགྲན་རའི་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་91འཁོར་བའི་འཁྲུངས་སྐར་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།
          “འགྲན་བསྡུར་གྱི་ཉིན་དང་པོར་སྤེལ་བའི་མཚོན་ཆ་ཡང་རིགས་ཀྱི་ཚ་ཁའི་འགྲན་བསྡུར་ནང་ང་ཚོས་ཨང་དང་པོ་བཞི་དང་ཨང་གསུམ་པ་གཅིག་བླངས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བརྗེད་པར་དཀའ་བའི“བརྒྱད་གཅིག”དམག་བཙུགས་དུས་ཆེན་ལ་བཀྲག་མདངས་ཤིག་བསྣན་པ་ཡིན”ཞེས་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རུ“དམག་མིའི་སྨན་པའི་རྒྱུག་མཐུད”རྣམ་གྲངས་ནང་ཞུགས་མཁན་རུ་མི་སྐམ་དམག་འབུམ་ཤོག་ཆེ་མོ་18པའི་ལུའེ་ཞིག་ནས་ཡོང་བའི་ལི་ཕེ་ལིན་གྱིས་བཤད།
         “བདེ་འཇགས་ཁོར་ཡུག”གི་འགྲན་བསྡུར་ཨུ་རུ་སུའི་པེ་སོའུ་ཆི་ནུའོ་ཡེ་སྦྱོང་བརྡར་ལྟེ་གནས་སུ་འགོ་ཚུགས་རྗེས་ཀྲུང་གོའི་འགྲན་ཞུགས་དཔོན་དམག་ཚོས་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། དབྱི་རན། ཨེ་ཅིབ། ཡ་མེ་ཉི་ཡ་སོགས་རྒྱལ་ཁབ་ཀྱི་རུ་མི་དང་མཉམ་དུ་འགྲན་བསྡུར་བྱས་ཏེ། ཚོགས་ཆུང་རྐྱང་པའི་ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད་ཁོང་ཚོའི་ཞུམ་པ་མེད་པའི་དམག་འཐབ་ཀྱི་སྤྱོད་ཚུལ་ཐོག་ནས“བརྒྱད་གཅིག”དམག་བཙུགས་དུས་ཆེན་ལ་ལག་རྟགས་ཕུལ་བ་རེད།
         ཟླ་8ཚེས་1ཉིན། ཤིས་པེ་ལི་ཡ་གསར་པའི་ཨེ་པི་ཆུ་ངོགས་སུ“མྱུལ་ཞིབ་དམག་མི་རྩེ་གྲའི”རྣམ་གྲངས་ཀྱི་དུས་མཚམས་གསུམ་པའི་འགྲན་བསྡུར་ཏེ། “མྱུལ་ཞིབ་དམག་མིའི་ལམ་ཕྲན”གྱི་བཀག་ཆ་ལས་སྒྲོལ་བ་རེད། འགྲན་བསྡུར་མ་བྱས་གོང་ཨུ་རུ་སུའི་དམག་དཔུང་གི་རོལ་ཆ་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་དཀྲོལ་བ་དང་། འགྲན་ཞུགས་རྒྱལ་ཁབ་ཀྱི་རུ་མིས་གྲལ་སྟར་འགྲིག་པོ་བསྒྲིགས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་བཙུགས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
         “རླངས་འཁོར་གཏོང་རྩལ་མཁས་པའི”འགྲན་བསྡུར་བྱ་ཡུལ་ཨུ་རུ་སུའི་ཨའོ་ལུའོ་ཉེ་རི་ཀྲོའུ་ཨའོ་སི་ཐེ་ལུའོ་ཁེ་རི་སི་ཁེ་གྲོང་ཁྱེར་གྱི་ཨུ་རུ་སུའི་རླངས་འཁོར་ལྕགས་ཁྲབ་དམག་གི་སྦྱོང་བརྡར་རྟེན་གཞིས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་ནས་ཀྲུང་གོའི་དམག་བཙུགས་དུས་ཆེན་ཐེངས་91པར་རྟེན་འབྲེལ་ཞུས་ཤིང་། ཨུ་རུ་སུ་དང་། ཨེ་ཅིབ། ་་་ལ་བཅས་འགྲན་ཞུགས་རྒྱལ་ཁབ་གསུམ་གྱི་རུ་སྣེ་ཁྲིད་མཁན་དང་རུ་མིས་ཀྲུང་གོའི་འགྲན་ཞུགས་རུ་ཁག་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།
         ས་གནས་དེ་གའི་དུས་ཚོད་ཚེས་1ཉིན་གྱི་ཞོགས་པ“མཐའ་མཚམས་སུ་འཇབ་རྒོལ་བྱེད་པའི”རྣམ་གྲངས་འགྲན་བསྡུར་བྱ་ཡུལ་བྷེ་ཨུ་རུ་སུའི་པུའུ་ལེ་སི་ཅིའི་འབེན་ར་ནས་ཀྲུང་གོའི་རྒྱལ་གླུ་སྐད་གསང་མཐོན་པོས་གྲགས། ཛ་དྲག་འགྲན་བསྡུར་བྱེད་རིང་འགྲན་ཞུགས་རྒྱལ་ཁབ་ཀྱི་རུ་ཁག་18ཀྱི་རུ་མིས་སྒར་སར་མཉམ་དུ་རུ་སྟར་བསྒྲིགས་ནས་ཀྲུང་གོའི་འགྲན་ཞུགས་རུ་ཁག་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
         ཚེས་གཅིག་ཉིན། “ལས་གྲྭའི་མཉམ་བྱའི་འགྲན་བསྡུར”བྱ་ཡུལ་ཨུ་རུ་སུའི་ཧྥུའར་ཅ་ཀེ་ལེ་ཀྲོའུ་ཡི་ཧྥུའར་ཅ་སི་ཅི་གྲོང་ཁྱེར་གྱི་སྦྱོང་བརྡར་ལྟེ་གནས་187གྱི་སྒར་སར་རབ་ཏུ་འཕྲོ་བའི་ཉི་འོད་འོག་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། སེར་པི་ཡ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་འགྲན་ཞུགས་རུ་མིས་ཀྲུང་གོའི་རུ་མི་ཚོ་དང་མཉམ་དུ་དམག་མིའི་སྒྲིག་ཁྲིམས་དམ་ཞིང་གྲལ་འགྲིག་པའི་ཉམས་འགྱུར་ཐོག་ནས་སྐར་ལྔའི་དར་དམར་ལ་གུས་ལུགས་མཚོན་པར་བྱས་ནས་ཀྲུང་གོའི་དམག་བཙུགས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།