འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དམངས་ཁྲོད་སྒྲིག་གཞིས་ནེ་པ་ལའི་འཕེལ་རྒྱས་ལ་རོགས་རམ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་དམངས་ཁྲོད་སྒྲིག་གཞི་རྒྱལ་སྤྱིའི་སྤེལ་རེས་སྐུལ་འདེད་ཚོགས་པས(ཀྲུང་སྐུལ་ཚོགས་པ་ཞེས་བསྡུ་རྒྱུ)ཀྲུང་གོའི་དམངས་ཁྲོད་སྒྲིག་གཞི་25སྒྲིག་འཛུགས་བྱས་ཏེ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚམས་འདྲི་བྱས་ཏེ་ནེ་པ་ལ་ཕྱོགས་དང་རོགས་སྐྱོར་མཉམ་ལས་ཐད་གྲོས་བསྡུར་བྱས་པ་རེད། འདི་ནི་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་སྒྲིག་གཞིའི་དབར་དམངས་འཚོའི་རྣམ་གྲངས་ལ་དམིགས་ནས་གཞི་ཁྱོན་ཆེན་པོས་སྦྲེལ་མཐུད་མཉམ་ལས་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
         ཚེས་29ཉིན་འཚོགས་པའི་སྦྲེལ་མཐུད་ཚོགས་འདུ་དང་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཀྲུང་སྐུལ་ཚོགས་པའི་དྲུང་ཆེ་ཀྲུའུ་རུའེ་ཡིས་ད་ཐེངས་དམངས་ཁྲོད་སྒྲིག་གཞིས་ནེ་པ་ལར་དགོས་མཁོ་ཆེ་བའི་དམངས་འཚོའི་རྣམ་གྲངས་དཔེར་ན་སློབ་གསོ་དང་། འཕྲོད་བསྟེན། སྨན་བཅོས། དབུལ་སྐྱོར། བུད་མེད། གཞོན་ནུ། གེགས་འགོག་གེགས་སེལ་སོགས་ཁྱབ་ཁོངས་མང་པོར་རོགས་རམ་བྱས་ཏེ་བྱ་སྤྱོད་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་ནེ་པ་ལའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད་ཅེས་བཤད།
         ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞི་11དང་ནེ་པ་ལའི་སྒྲིག་གཞིས་ཚེས་29ཉིན་ནེ་པ་ལའི་སྤྱི་ཚོགས་ཕན་བདེ་ཨུ་ལྷན་དུ་མཉམ་ལས་གྲོས་མཐུན་ནམ་དྲན་ཐོར་མིང་རྟགས་བཀོད་པ་དེ་དག་ཞིང་ལས་དང་དབུལ་ཕོངས་ཉུང་གཏོང་དང་། གཞོན་ནུ་འཚར་ལོངས་དང་ལས་ཞུགས། བུད་མེད་ཀྱི་རྩལ་ནུས། འཕྲོད་བསྟེན་སྤྱི་ཕན། དངོས་ཟོག་ཞལ་འདེབས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
         ནེ་པ་ལའི་ཨ་ཉི་ཀེ་མཐུན་ཚོགས་ཀྱིས་ད་ཐེངས་སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་སྒྲིག་གཞི་རྒྱལ་སྤྱིའི་སྤེལ་རེས་སྐུལ་འདེད་ཚོགས་པ་དང“འོད་ཟེར་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་རྒྱུའི་དྲན་ཐོར་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།