འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་དཀར་པོ་ཕྱོགས་ཀྱིས་ཐེ་རོམ་ཕུ་ལ་ཅིན་ཀྲེན་ཨེན་གྱི་འཕྲིན་ཡིག་འབྱོར་ཡོད་པར་
    བརྗོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕོ་བྲང་དཀར་པོ་ཕྱོགས་ཀྱིས་ཐེ་རོམ་ཕུ་ལ་ཅིན་ཀྲེན་ཨེན་གྱི་འཕྲིན་ཡིག་འབྱོར་ཡོད་པར་
བརྗོད།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སང་དེ་སི་ཡིས་སྲིད་འཛིན་ཐེ་རོམ་ཕུ་ལ་ཚེས་1ཉིན་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེན་ཨེན་གྱི་འཕྲིན་ཡིག་འབྱོར་ཡོད་པ་གསལ་བསྒྲགས་བྱས་ཡོད།
         ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་བར་ད་ལྟ་ཡིག་བསྐུར་བྱེད་པ་འདི་ནི་སིང་ཀ་ཕོར་དུ་འགོ་ཁྲིད་གཉིས་མཇལ་འཛོམས་བྱུང་བའི་འབྲས་བུ་མུ་མཐུད་དུ་ལག་ལེན་རྒྱུན་འཁྱོངས་ཡོང་དོན་དང་།  ཕྱོགས་གཉིས་ཀས་མཉམ་འབྲེལ་གསལ་བསྒྲགས་ནང་གི་ཁས་ལེན་དག་ལག་ལེན་སྐུལ་འདེད་ཡོང་དོན་ཡིན་ཞེས་སང་དེ་སི་ཡིས་བརྗོད་ཡོད། 
         ཐེ་རོམ་ཕུ་ཡིས་སྨྱན་ལམ་བརྒྱུད་ནས་རང་ལ་ཅིན་ཀྲེན་ཨེན་གྱི་འཕྲིན་ཡིག་འབྱོར་ཡོད་པས་བཀའ་དྲིན་ཆེ་ཞུས་པ་དང་། ད་དུང་མགྱོགས་པོར་ཅིན་ཀྲེན་ཨེན་དང་སླར་ཡང་མཇལ་འཛོམས་ཡོང་བར་རེ་ཞིང་སྒུག་ཡོད་པ་བསྟན་ཡོད། མ་ཟད། ཅིན་ཀྲེན་ཨེན་གྱིས་ཁས་ལེན་ལག་བསྟར་བྱས་ཏེ། ཁོ་རེ་ཡ་བྱང་མའི་དམག་འཁྲུག་སྐབས་ཀྱི་ཨ་རིའི་དམག་མིའི་ཕུང་པོ་ཕྱིར་ཨ་རིར་བསྐྱལ་བར་ཐུགས་རྗེ་ཆེ་ཞུས་ཡོད། ཐེ་རོམ་ཕུ་ཡིས་ཅིན་ཀྲེན་ཨེན་གྱི་སྤྱོད་སྟངས་བཟང་པོ་འདི་ལ་ཡ་མཚན་སྐྱེ་རྒྱུ་ཅི་ཡང་མེད་ཅེས་བཤད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།