འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྭ་ཝུའེ་གོ་ལ་ཧྲིལ་པོའི་རིག་ནུས་ལག་ཐོགས་ཁ་པར་འདོན་མཁན་ཨང་གཉིས་པར་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ཁྲོམ་ར་དབྱེ་ཞིབ་སྒྲིག་གཞི་རྒྱལ་སྤྱིའི་གྲངས་གཞི་ཀུང་སིས་ཟླ་7ཚེས་31ཉིན་ཡོངས་བསྒྲགས་བྱས་པའི་ཐོག་མའི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་དུས་ཚིགས་གཉིས་པར་ཀྲུང་གོའི་རིག་ནུས་ལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་མཁན་ཧྭ་ཝུའེ་ཀུང་སིས་ཚོང་ཟོག་འདོན་ཚད་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད་པ་རེད།
         གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཧན་གོའི་སན་ཤིང་རིག་ནུས་ལག་ཐོགས་ཁ་པར་འདོན་ཚད་དེ་ཁྲི་7150ཟིན་ནས་མུ་མཐུད་ཨང་དང་པོ་ཡིན་པ་དང་། དེའི་ཁྲོམ་རའི་སྐལ་གྲངས་ནི་20.9%ཡིན་པ་རེད། ཧྭ་ཝུའེ་དང་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་འདོན་ཚད་ཁྲི་5420དང་ཁྲི་4130ཟིན་ནས་ཨང་གཉིས་པ་དང་གསུམ་པ་ཡིན་པ་དང་། ཀུང་སི་དེ་གཉིས་ཀྱི་ཁྲོམ་རའི་སྐལ་གྲགས་ནི་15.8%ད་12.1%ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།