འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་བསྟན་དོན། སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་གླ་ཕོགས་ཀྱི་ཕུགས་ཕན་མཉམ་
    སྒུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུས་《2018ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》ཁྱབ་བསྒྲགས་བྱས་ནས། ས་གནས་ཁག་གི་སློབ་གྲྭ་ཁག་ལ་དགེ་རྒན་གྱི་གནས་བབ་དང་ཐོབ་ཐང་སྐོར་གྱི་དགེ་རྒན་ལ་ཕན་པ་འདོགས་པའི་བྱེད་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་། གཞུང་བཙུགས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་རྣམས་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཡིན་པར་དམིགས་བསལ་གྱི་བཅའ་ཁྲིམས་གནས་བབ་དོན་འཁྱོལ་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་གླ་ཕོགས་ཀྱི་ཕུགས་ཕན་མཉམ་སྒུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགྲོ་གྲོན་གཏོང་བའི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཚད་གཞི་ས་གནས་དེ་གའི་གཞུང་ལས་པའི་ཆ་སྙོམས་གླ་ཕོགས་ཚད་གཞི་ལས་མི་དམའ་བའམ་ཡང་ན་མཐོ་བ་ཡོད་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་9ཚེས་10ཉིན་ནི་རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ཐེངས་སོ་བཞི་པ་ཡིན་པ་དང་། འདི་ལོའི་དགེ་རྒན་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དར་སྤེལ་བཏང་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཀུན་སྤྱོད་ཡག་པོ་དང་མི་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་པ་དེ་ཡིན། སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་སྤེལ་ནས་2018ལོའི་རྒྱལ་ཁབ་རིམ་པའི་སློབ་གསོའི་གྲུབ་འབྲས་དཔྱད་འདེམས་གཟེངས་བསྟོད་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་འདེམས་སྒྲུག་གིས་དགེ་རྒན་གྱི་ཉམས་འགྱུར་མངོན་པའི་སྤྱི་ཕན་བརྡ་ཁྱབ་འགྲེམས་སྟོན་བྱེད་པ་དང་། 《ལི་པའོ་གོ་》དང་《ཧོང་ཏ་ཉན་》 《གཅེས་པར་འོས་པའི་ཕ་སི་གཱ་》 《ཚེ་གང་ལྟ་སྲུང་》 《གྲོང་གསེབ་ཀྱི་དགེ་རྒན་བུ་མོ་》སོགས་ཀྱི་དགེ་རྒན་བརྗོད་བྱར་བྱས་པའི་ཕུལ་བྱུང་གློག་བརྙན་བསྟན་ཏེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་མཉམ་དུ“དགེ་རྒན་ཡག་ཤོས་འཚོལ་བའི”བྱེད་སྒོ་སྤེལ་རྒྱུ་རེད།
         བརྡ་ཐོའི་ནང་། ས་གནས་ཁག་ལ་《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་གང་མགྱོགས་བཟོས་ནས་བཏོན་ཏེ། ཡུལ་བབ་དང་བསྟུན་ནས་དམ་པ་དོན་གཉེར་དང་སྤྱོད་གོ་ཆོད་པའི་སྲིད་ཇུས་བྱ་ཐབས་བཏོན་ཐོག རྒྱ་ཆེའི་དགེ་རྒན་ཚོར་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྲིད་ཇུས་ཀྱི་ཕན་པ་ཐོབ་པ་བྱེད་པ་དང་། དགེ་རྒན་ལ་བརྩི་འཇོག་དང་སྣང་ཆེན་བྱེད་པའི་སྲོལ་རྒྱུན་དར་སྤེལ་ཧུར་ཐག་བཏང་སྟེ་དགེ་རྒན་ལ་བརྩི་འཇོག་བྱེད་པའི་ཕུལ་བྱུང་གི་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་དགེ་སློབ་དང་། ཁྱིམ་བདག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་སྣེ་ཁྲིད་དེ་དགེ་རྒན་ལ་བརྩི་འཇོག་དང་གུས་བཀུར་བྱ་རྒྱུ་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་པ། ཕུལ་བྱུང་དགེ་རྒན་གྱི་ཀུན་སྤྱོད་དཔེ་མཚོན་དྲིལ་བསྒྲགས་དང་གཟེངས་བསྟོད་ཤུགས་ཆེན་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་ལམ་ལུགས་ཚད་གཞི་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིབ་བཤེར་ཁ་གསལ་བྱུང་བའི་དགེ་རྒན་གྱི་ཀུན་སྤྱོད་ཉམས་པའི་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་དང་ཐེར་འདོན་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་སློབ་གསོའི་རྣམ་པ་སྲུང་སྐྱོང་ཡག་པོ་མཐའ་གཅིག་ཏུ་བྱེད་པ། དུས་བཀག་ཐོག་དགེ་རྒན་ལ་གཟུགས་པོ་བརྟག་དཔྱད་དང་ཡུལ་བབ་དང་བསྟུན་ནས་དགེ་རྒན་ལ་ངལ་གསོ་བཀོད་སྒྲིག་བྱེད་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ཏེ་དགེ་རྒན་གྱི་ལུས་སེམས་བདེ་ཐང་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་འཐབ་ས་དང་པོའི་དགེ་རྒན་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན། དགེ་རྒན་དབུལ་པོ་བཅས་དང་དེ་བཞིན་གཞུང་དོན་དུ་རང་སྲོག་ཤོར་བའི་དགེ་རྒན་དང་ལས་བཟོའི་ནང་མི་བཅས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས་བཅར་འདྲི་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ་ཏང་དང་སྲིད་གཞུང་གི་དོ་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གྲྭ་ཁག་གིས་གྲོན་ཆུང་བསྲི་ཚགས་སྒོས་དགེ་རྒན་དུས་ཆེན་གྱི་བྱེད་སྒོ་ཁག་སྟབས་བདེ་བག་ཆགས་ངང་སྤེལ་ཏེ་ཕྱི་ཚུལ་རིང་ལུགས་སྤོང་བ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དང་དགེ་སློབ་ཚང་མ་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་བྱེད་སྒོར་དགེ་རྒན་ཚང་མས་ཡོངས་ཁྱབ་ངང་དགའ་པོ་བྱེད་པ་དང་མང་ཚོགས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།