འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཤིས་ཀྱིས“གསང་སྤྱོད་གསར་བརྗེའི”ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་
    འདེད་ཤུགས་ཆེན་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཅང་ཤིས་ཞིང་ཆེན“གསང་སྤྱོད་གསར་བརྗེའི”ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་སློང་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོར་སླེབས་སྐབས་ཅང་ཤིས་ཞིང་ཆེན་ཡོངས་སུ་གསང་སྤྱོད་ཁྲི་1.1གསར་སྐྲུན་བྱ་རྒྱུ་དང་། གསང་སྤྱོད་ཁྲི་0.5བསྐྱར་སྐྲུན་བྱ་རྒྱུ། ཞིང་དུད་ཀྱི་གསང་སྤྱོད་ཁྲི་112བསྒྱུར་བཀོད་བྱ་རྒྱུ་བཅས་ཀྱི་ལས་འགན་ལེགས་པར་བསྒྲུབས་ནས། གྲོང་གསེབ་ཀྱི་གསང་སྤྱོད་གཙོག་ལ་དྲི་ངན་ཆེ་བ་དང་གྲོང་ཁྱེར་དུ་གསང་སྤྱོད་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད།
         ཅང་ཤིས་ཀྱིས་2020ལོར་སླེབས་སྐབས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ནན་ཁྲང་གྲོང་ཁྱེར་གྱི་འཛུགས་སྐྲུན་ས་ཁོངས་སུ་སྤྱི་ལེ་ངོས་གྲུ་གཅིག་གི་ཁྱབ་ཁོངས་ནང་གསང་སྤྱོད་5ཡོད་པ་བྱ་རྒྱུ་དང་རིམ་པ་གཉིས་པ་ཡན་གྱི་གསང་སྤྱོད་75%ཟིན་པ་བྱ་རྒྱུ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(རྫོང་གྲོང)གཞན་དག་གི་འཛུགས་སྐྲུན་ས་ཁོངས་སུ་སྤྱི་ལེ་ངོས་གྲུ་གཅིག་ལ་གསང་སྤྱོད་4ཡན་ཡོད་པ་བྱ་རྒྱུ་དང་རིམ་པ་གཉིས་པ་ཡན་གྱི་གསང་སྤྱོད་65%ཡན་ཟིན་པ་བྱ་རྒྱུ་དང་། རྐང་ཐང་མར་སྐར་མ་10ཡས་མས་བསྐྱོད་ན་གསང་སྤྱོད་རེ་ཡོད་པ་བྱ་རྒྱུ། སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མར་རླངས་འཁོར་ཆུ་ཚོད་2སམ་ཡང་ན་སྤྱི་ལེ་100ཙམ་སྐྱོད་པའི་མཚམས་སུ་གསང་སྤྱོད་རེ་ཡོད་པ་བྱ་རྒྱུ། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ཡུལ་སྐོར་བ་འདུ་འཛོམས་བྱ་ཡུལ་ཚང་མར་དེ་མཚུངས་རིམ་པའི་ཡུལ་སྐོར་གསང་སྤྱོད་རེ་ཡོད་པ་བྱ་རྒྱུ། མི་1000ཡན་འདུས་སྡོད་བྱེད་སའི་གྲོང་ཚོ་དང་ཤང་གྲོང་སྲིད་གཞུང་གནས་ཡུལ་དུ་ཉུང་མཐར་ཡང་གནོད་པ་མེད་ལ་གཙང་སྦྲ་དོད་པའི་གསང་སྤྱོད་རེ་ཡོད་པ་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཏུ་གནོད་པ་མེད་ལ་གཙང་སྦྲ་དོད་པའི་དུད་ཚང་གི་གསང་སྤྱོད་ཁྱབ་ཚད་90%ཡན་ཟིན་པ་བྱ་རྒྱུ། “གྲངས་འབོར་གདང་ངེས་དང་། ཁྱབ་ཚུལ་ལུགས་མཐུན། འཚོལ་བདེ་རྙེད་བདེ། དོ་དམ་ནུས་ལྡན། ཡ་རབས་བེད་སྤྱོད”བཅས་ཀྱི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཀྱི་གཏན་འཁེལ་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།