འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་ཡུལ་སྐོར་པུས་གསར་བརྗེའི་ཡུལ་སྐོར་ལ་བརྟེན་ནས་ཡུལ་སྐོར་བས་གསར་བརྗེའི་
    ལོ་རྒྱུས་རིག་གནས་རྟོགས་པར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། རིག་གནས་དང་ཡུལ་སྐོར་པུའི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་རའོ་ཆོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་མིག་སྔར་གསར་བརྗེའི་ཡུལ་སྐོར་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ཀྱི་ཧ་ཅང་གལ་འགངས་ཆེ་བའི་ནང་དོན་ཞིག་ཏུ་གྱུར་ཡོད། གསར་བརྗེའི་ཡུལ་སྐོར་གྱི་མ་རབས་ཐ་ཤལ་དང་། ཐ་མལ་བ། གོམས་གཤིས་ངན་པ་བཅས་ཀྱི་སྤྱོད་ཚུལ་གཏན་འགོག་བྱས་ནས་སློབ་གསོའི་ཁྲོད་ཡུལ་སྐོར་བྱེད་པ་དང་འབྲེལ། ཡུལ་སྐོར་བས་གསར་བརྗེའི་ཡུལ་སྐོར་ལ་ཞུགས་པ་བརྒྱུད་གསར་བརྗེའི་ལོ་རྒྱུས་རིག་གནས་ཚོར་སྣང་ཐུབ་པ་དང་། གསར་བརྗེའི་ལོ་རྒྱུས་ཀྱི་སྙིང་སྟོབས་ཉམས་སུ་ལེན་ཐུབ་པ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས།
            ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འདུ་འགོད(2018ལོ་ནས་2022ལོ་བར)ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་གསར་བརྗེའི་ཡུལ་སྐོར་སྤུས་རྟགས་བཏོད་དེ་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དང་ཡུལ་སྐོར་མྱོང་རོལ་བྱ་ཡུལ་ཁག་གཅིག་བཏོན་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དར་རྒྱས་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
            རའོ་ཆོན་གྱིས“ང་ཚོས་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འདུ་འགོད་ལག་བསྟར་བྱ་རྒྱུ་དེ་འདེད་རོགས་ཡོ་ཆས་སུ་བརྩིས་ཏེ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་གསར་བརྗེའི་རིག་དངོས་ཞིབ་འཇུག་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་རྒྱུས་དང་རིག་དངོས་ལ་བརྟེན་ནས་བདེན་པ་ར་སྤྲོད་བྱས་ཏེ་གསར་བརྗེའི་རིག་དངོས་ཐོན་ཁུངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་འཕེལ་གཏོང་བའི་ཐད་དམིགས་བསལ་གྱི་ནུས་པ་ཐོན་ཐུབ་པ་བྱ་རྒྱུ་ཡིན། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གསར་བརྗེའི་རིག་དངོས་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་རིག་གནས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དང་། མྱོང་རོལ་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར་བཅས་ཀྱི་བྱེད་སྒོ་ཁྱབ་གདལ་བཏང་ནས་གསར་བརྗེའི་ཡུལ་སྐོར་ཐོན་རྫས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་གསར་བརྗེའི་ཡུལ་སྐོར་གྱི་ཞབས་འདེགས་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན”ཞེས་གསུངས།
           བསྡོམས་རྩིས་བྱས་པར་གཞིགས་ན། རང་རྒྱལ་དུ་ད་ཆ་གསར་བརྗེའི་གནས་རྙིང་པ་དང་དྲན་གསོ་ཁང་121རྒྱལ་ཁབ་རིམ་པའི་རི་འགོག་དྲན་གསོ་སྒྲིག་ཆས་དང་ཤུལ་བཞག་མིང་གཞུང་ལ་ཚུད་ཡོད་པ་དང་། གསར་བརྗེ་གནས་རྙིང་དང་དྲན་གསོ་ཁང་281རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞིར་བདམས་ཡོད། ས་གནས་ཁག་གི་གསར་བརྗེའི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་རྒྱལ་ཡོངས་སུ་གསར་བརྗེའི་ཡུལ་སྐོར་ལ་ཞུགས་མཁན་མི་ཐེངས་ཁྲི་དུང་ཕྱུར་8ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།