འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་འཕྲིན་པུའུ་སོགས་སྡེ་ཚན་བཅུ་གསུམ་གྱིས་སྙད་གཙེར་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་གི་
    ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་7པ་ནས་2019ལོའི་ཟླ་12པའི་ཟླ་མཇུག་བར་བཟོ་འཕྲིན་པུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་བཅུ་གསུམ་གྱིས་བཅའ་ཁྲིམས་དང་། སྲིད་འཛིན། དཔལ་འབྱོར། ལག་རྩལ་སོགས་བྱ་ཐབས་མང་པོ་ཕྱོགས་བསྡུས་སྤྱད་དེ་རྒྱལ་ཡོངས་སུ་སྙད་གཙེར་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།
              ཉེ་ཆར་བཀྲམ་པའི་《སྙད་གཙེར་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་》གཞིར་བཟུང་། ད་རེས་ཀྱི་ཆེད་དོན་བྱ་སྤྱོད་ཀྱིས་གཙོ་བོ་ཚོང་ལས་གཉེར་ཚོང་རིགས་དང་། རྐང་བཙུགས་ནས་སུན་པོ་བཟོ་བའི་རིགས། ཁྲིམས་འགལ་ཉེས་གསོག་གི་རིགས་བཅས་ཀྱི་སྙད་གཙེར་ཁ་པར་ལ་བཅོས་སྒྲིག་བྱ་རྒྱུ་རེད། ཆེད་དོན་བྱ་སྤྱོད་སྤེལ་རིང་འཕྲིན་གཏོང་ཐོན་ཁུངས་དོ་དམ་ཚད་ལྡན་བཟོ་བ་དང་། འབྱུང་རྩ་ནས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་ངང་མི་སྒེར་གྱི་ཆ་འཕྲིན་རགས་ཐབས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ། སྙད་གཙེར་ཁ་པར་གྱི་ཁེ་ཕན་འཁོར་ཐག་མཉམ་དུ་མེད་པར་བཟོ་བ་བཅས་བྱས་ཏེ་ཚོང་ལས་ཀྱི་གཉེར་ཚོང་རིགས་ཀྱི་ཁ་པར་ཚད་ལྡན་རྒྱག་ཐུབ་པ་དང་རྐང་བཙུགས་ནས་སུན་པོ་བཟོ་བའི་ཁ་པར་དང་ཁྲིམས་འགལ་ཉེས་གསོག་གི་ཁ་པར་ཉུང་དུ་མངོན་གསལ་དོད་པོ་གཏོང་ཐུབ་པ་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་རེད།
             མིག་སྔར་གཉེར་ཚོང་ཁ་པར་གྱིས་མང་ཚོགས་སུན་པོ་བཟོ་བ་དང་རྐང་བཙུགས་ནས་ཁ་པར་བརྒྱབ་སྟེ་སུན་པོ་བཟོ་བ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་གི་ཡོད། ད་རེས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་གཙོ་གནད་ཀྱི་གྲས་ཤིག་ནི་སྙད་གཙེར་ཁ་པར་གང་སར་ཁྱབ་པ་ཚོད་འཛིན་བྱེད་པ་དེ་ཡིན་པ་རེད། བཟོ་འཕྲིན་པུའི་འབྲེལ་ཡོད་འགན་འཁུར་བས་ཁ་པར་གྱིས་མང་ཚོགས་ལ་སུན་པོ་བཟོ་བ་གཏན་འགོག་བྱ་ཆེད། རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས“སུས་ཁ་པར་བླངས་ཚེ་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་། སྐད་མདངས་ཀྱི་སྐུལ་ལམ་དང“95” “96”“400”སོགས་ཨང་གྲངས་སྤྱོད་མཁན་གྱི་འོས་བབ་ཐོབ་ཐང་ཞིབ་བཤེར་ནན་པོ་བྱས་ནས་ཁྲིམས་འགལ་ངང་གཉེར་ཚོང་དང་ཁྱབ་ཁོངས་ལས་བརྒལ་ནས་གཉེར་སྐྱོང་བྱེད་པར་སྐུད་ལམ་གྱི་ཐོན་ཁུངས་མཁོ་སྤྲོད་དང་ལས་སྒོར་མཐུད་པ་གཏན་འགོག་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།