འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཏ་ལེན་གྱིས་ཡུས་མིང་མཐོ་རིམ་སློབ་འབྲིང་གི་ལས་ཐོག་དགེ་རྒན་6གིས་སྒྲིག་འགལ་གསབ་ཁྲིད་
    བྱས་པར་ཐག་གཅོད་ནན་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་ཅུས་སུ་བཅའ་སྡོད་ཏ་ལེན་གྲོང་ཁྱེར་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཚོགས་ཆུང་གིས་ཏ་ལེན་ཡུས་མིང་མཐོ་རིམ་སློབ་འབྲིང་གི་ལས་ཐོག་དགེ་རྒན་གྱི་སྒྲིག་འགལ་གསབ་ཁྲིད་ཀྱི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཏ་ལེན་ཡུས་མིང་མཐོ་རིམ་སློབ་འབྲིང་གི་ལས་ཐོག་དགེ་རྒན་ཁྲང་ཨའེ་ཧྭ་དང་། སུན་ཅིའུ་ཀྲི། ཅུས་ཅིན་ལུའུ། ཅ་ཀྲེན། ཁྲེན་མིའོ། ཁྲེང་ཡུས་ལིན་བཅས་བློ་མཐུན་6གིས་གུང་གསེང་དུ་སློབ་གྲྭའི་ཕྱི་རོལ་ཏུ་སྒྲིག་འགལ་ངང་གསབ་ཁྲིད་བྱས་པར་བརྟེན། ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད། ཁྲང་ཨའེ་ཧྭ་དང་། སུན་ཅིའུ་ཀྲི། ཅུས་ཅིན་ལུའུ། ཅ་ཀྲེན། ཁྲེན་མིའོ་བཅས་ལ་སོ་སོར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་ལས་གནས་རིམ་པ་དམའ་རུ་གཏོང་བའི་ཆད་པ་བཅད་ཁར་ལོ་གསུམ་རིང་ཕུལ་བྱུང་དང་སྔོན་ཐོན་དུ་འདེམས་པའི་ཐོབ་ཐང་མེད་པར་བཟོས་པ་རེད། ཁྲེང་ཡུས་ལིན་ལ་ཏང་ནང་གི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་སྐྱོན་ཐོ་འགོད་པའི་ཆད་པ་བཅད་ཁར་ལོ་གསུམ་རིང་ཕུལ་བྱུང་དང་སྔོན་ཐོན་དུ་འདེམས་པའི་ཐོབ་ཐང་ཡང་མེད་པར་བཟོས་པ་རེད།
              ཏ་ལེན་ཡུས་མིང་མཐོ་རིམ་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་ཤུགས་ཞན་པས་སློབ་གྲྭ་དེ་གའི་ལས་ཐོག་དགེ་རྒན་གྱི་སྒྲིག་འགལ་གསབ་ཁྲིད་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ཏ་ལེན་ཡུས་མིང་མཐོ་རིམ་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཁྲེན་ཏེ་ཅུན་དང་། རྩ་འཛུགས་ཨུ་ཡོན། སློབ་སྤྱི་ལིའུ་ཁྲུན་ཕུའུ་འགན་འཛོལ་ཤོར་ཡོད་པས། སློབ་གྲྭ་དེ་གའི་ལས་ཐོག་དགེ་རྒན་གྱི་སྒྲིག་འགལ་གསབ་ཁྲིད་གནད་དོན་ལ་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས། ཏ་ལེན་གྲོང་ཁྱེར་སློབ་གསོ་ཅུས་ཏང་ཨུད་ཀྱིས་ཏ་ལེན་ཡུས་མིང་མཐོ་རིམ་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་། ཁྲེན་ཏེ་ཅུན་དང་ལིའུ་ཁྲུན་ཕུའུ་བློ་མཐུན་2ལ་འགན་འཁྲི་རྩད་གཅོད་བྱས་པ་དང་། ཏ་ལེན་ཡུས་མིང་མཐོ་རིམ་སློབ་འབྲིང་གི་སྤྱི་ཁྱབ་ཏང་ཀྲི་པུའུ་ཡིས་གྲོང་ཁྱེར་སློབ་གསོ་ཅུས་ཏང་ཨུད་དང་གྲོང་ཁྱེར་སློབ་གསོ་ཅུས་སུ་བཅའ་སྡོད་གྲོང་ཁྱེར་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཚོགས་ཆུང་ལ་སོ་སོར་ཡིག་ཐོག་ཞིབ་བཤེར་བྱེད་དུ་བཅུག་པ་མ་ཟད་བརྡ་ཁྱབ་ཀྱང་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།