འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རང་རྒྱལ་དུ་ཐོ་བཀོད་གསར་བརྗེའི་གནས་རྙིང་དང་གནའ་ཤུལ་
    33315ཙམ་ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་དུ་སྣ་མང་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་དངོས་ཐོན་ཁུངས་ཉར་ཚགས་བྱས་ཡོད། མིག་སྔར་ཐོ་བཀོད་གསར་བརྗེའི་གནས་རྙིང་དང་གནའ་ཤུལ་33315ཙམ་ཟིན་པའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་477དང་། རི་འགོག་དམག་འཁྲུག་སྐབས་ཀྱི་རིག་དངོས་གནའ་ཤུལ་3000 རྒྱང་སྐྱོད་སྐབས་ཀྱི་རིག་དངོས་གནའ་ཤུལ་1600ལྷག་བཅས་ཡོད་ཅེས་བཤད།
            ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར་《གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འདུ་འགོད(2018ལོ་ནས་2022ལོ་བར)ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ཞིང་། ལིའུ་ཡུས་ཀྲུའུ་ཡིས་དེ་ནི་དུས་རབས་གསར་པར་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། དེས་དུས་རབས་གསར་པར་གསར་བརྗེའི་རིག་དངོས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲིའི་ཡི་གེ་དང་ལམ་ཐིག་གཏན་འཁེལ་བྱས་ཡོད་པས་དུས་རབས་གསར་པར་རིག་དངོས་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་རེད་ཅེས་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།