འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བདམས་ཐོན་པས“པ་ལི་ཞབས་བྲོའི་ཨོ་ལིམ་ཕིག”ཐོག་བྱ་དགའ་ཆེན་པོ་ཁ་ཤས་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། “པ་ལི་ཞབས་བྲོའི་ཨོ་ལིམ་ཕིག”ཅེས་སུ་གྲགས་པའི་ཝར་ན་རྒྱལ་སྤྱིའི་པ་ལི་ཞབས་བྲོའི་འགྲན་བསྡུར་སྐབས་28པ་པུར་ཀ་རི་ཡའི་གྲོང་ཁྱེར་ཝར་ན་རུ་མཇུག་འགྲིལ་ཞིང་། ཀྲུང་གོའི་བདམས་ཐོན་པར་བྱ་དགའ་ཆེན་པོ་ཁ་ཤས་ཐོབ་ཡོད།
            དེའི་ནང་ལི་སེ་དབྱིར་ལོ་ཆུང་བུ་མོའི་ཚོགས་ཆུང(ལོ་18མན)གི་གསེར་གྱི་བྱ་དགའ་དང་གཞོན་ནུ་ལོ་ཆུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ཁྲང་སི་ནུའོ་ལ་གཞོན་ནུའི་སྐྱེས་པའི་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པ། ཞབས་བྲོའི་སྒྱུ་རྩལ་མཁས་ཅན་ཝང་ཡོན་ཡོན་ལ་ཞབས་བྲོ་རྩོམ་རྩལ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
           སྐབས་འདིའི་ཝར་ན་རྒྱལ་སྤྱིའི་པ་ལི་ཞབས་བྲོའི་འགྲན་བསྡུར་ཚེས་15ཉིན་འགོ་ཚུགས་ཤིང་། རྒྱལ་ཁབ་30ལྷག་ཙམ་གྱི་བདམས་ཐོན་པ་119འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།