འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ཀྱི་འཇིག་རྟེན་འཕུར་སྐྱོད་པས་རྒྱ་ཡིག་སྦྱངས་ཚེ་འབྱུང་འགྱུར་ཀྲུང་གོའི་བར་སྣང་ས་ཚིགས་
    སུ་ལས་ཀ་བྱེད་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། འཇར་མན་གྱི་འཇིག་རྟེན་འཕུར་སྐྱོད་པ་མཱ་ཐན་གྱིས(མཱ་ཏི་ཡ་སི་·མའོ་ལེར)ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱ་ཡིག་ཡག་པོ་སྦྱོང་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པ་དང་། འབྱུང་འགྱུར་ཀྲུང་གོའི་འཕུར་གྲུའམ་ཡང་ན་བར་སྣང་ས་ཚིགས་སུ་ལས་ཀ་བྱེད་སྐབས་ཚང་མ་རྒྱ་ཡིག་སྤྱོད་རྒྱུ་རེད་ཅེས་བརྗོད་པ་རེད། ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་འཇིག་རྟེན་འཕུར་སྐྱོད་པ་དང་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་ལས་ཀ་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
            མཱ་ཐན་གྱིས་གསར་འགོད་པར་རང་ཉིད་ཀྱིས་2012ལོ་ནས་བཟུང་རྒྱ་ཡིག་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་ད་དུང་རང་ཉིད་ལ་འཇར་མན་གྱི་མིང་མཱ་ཏི་ཡ་སི་ཞེས་པའི་སྒྲ་དང་འདྲ་བའི་རྒྱ་ཡིག་གི་མིང་མཱ་ཐན་ཞེས་པ་ཡང་ཡོད། ངས་རྒྱུན་ཆད་མེད་པར་རྒྱ་ཡིག་སྦྱངས་ནས་གོ་སྐབས་བྱུང་ཚེ་ཀྲུང་གོར་ལས་ཀ་ལོ་གཅིག་བྱས་ཏེ་རང་ཉིད་ཀྱི་རྒྱ་ཡིག་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
            མཱ་ཐན་2010ལོར་ཡོ་རོབ་ཀྱི་འཇིག་རྟེན་འཕུར་སྐྱོད་ནང་ཞུགས་པ་དང་། 2012ལོ་ནས་བཟུང་ཡོ་རོབ་ཀྱི་འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་དང་ཀྲུང་གོའི་མཉམ་ལས་རྣམ་གྲངས་ཀྱི་འགན་ཁུར་བ་བྱས་པ་དང་འབྲེལ་2017ལོར་དབྱི་ཐ་ལིའི་འཇིག་རྟེན་འཕུར་སྐྱོད་པ་གཞན་ཞིག་དང་མཉམ་དུ་ཀྲུང་གོའི་ཧྲན་ཏུང་གཡན་ཐའེ་རུ་འཚོགས་པའི་མཚོ་ཐོག་སྲོག་སྐྱོབ་སྦྱོང་བརྡར་ནང་ཞུགས་པ་རེད། མིག་སྔར་ཁོང་ལ་འཇིག་རྟེན་འཕུར་སྐྱོད་པའི་ཐོབ་ཐང་རག་པ་དང་འཕུར་སྐྱོད་ཀྱི་ལས་འགན་བསྒྲུབ་རྒྱུ་སྒུག་བཞིན་ཡོད་པ་རེད།
           ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཆར་གཞི་དེ་2022ལོའི་སྔ་རྗེས་སུ་བསྐྲུན་ཟིན་རྒྱུ་དང་འབྲེལ་བེད་སྤྱོད་བྱ་རྩིས་ཡོད་པ་དང་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་དེ་ཡང་ཉེ་ཆར་དངོས་སུ་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།