འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གིས་ལོ་སིར་རོགས་སྐྱོར་བྱས་པའི་ཛ་དྲག་གི་རྒུད་སྐྱོབ་དངོས་ཟོག་རྩིས་སྤྲོད་
    རྩིས་ལེན་གྱི་བྱེད་སྒོ་ཝན་ཐེན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གོ་སྲིད་གཞུང་གིས་ལོ་སིར་མཁོ་འདོན་བྱས་པའི་ཆུ་སྐྱོན་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་བླུགས་པའི་ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གཙང་གླས་གནམ་གྲུ་ཝན་ཐེན་ཝ་ཏེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད།
            དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་བྱེད་སྒོ་གནམ་ཐང་དུ་འཚོགས་ཤིང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐེན་དང་ལོ་སིའི་ངལ་རྩོལ་སྤྱི་ཚོགས་ཕན་བདེ་པུའི་པུའུ་ཀྲང་གཞོན་པ་པེ་ཁེན་བྱེད་སྒོར་ཞུགས་པ་དང་འབྲེལ་རྩིས་སྤྲོད་རྩིས་ལེན་གྱི་དཔང་ཡིག་ལ་མིང་རྟགས་བཀོད་པ་རེད། ལོ་སིའི་ཕྱི་འབྲེལ་པུའི་གཞུང་དོན་ཐིང་གི་ཀྲུའུ་རེན་ཕུའུ་སའེ་དང་ལོ་ཀྲུང་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཅེ་དང་ཀེན་ཐུང་སོགས་རྩིས་སྤྲོད་རྩིས་ལེན་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
           ཝང་ཝུན་ཐེན་གྱིས་ཤིས་ཚིག་གསུང་སྐབས་ཀྲུང་ལོ་རྒྱལ་ཁབ་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་ཡག་པོ་ཞིག་རེད། གནོད་འཚེ་ཕོག་པའི་ལོ་སིའི་མི་དམངས་ཀྱི་ད་ལྟའི་གནས་ཚུལ་ལ་ཀྲུང་གོ་མི་དམངས་ཀྱིས་སེམས་ཁྲལ་བྱེད་པ་དང་ལོ་སི་སྲིད་གཞུང་ལ་རོགས་སྐྱོར་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱ་ཆེད་ཀྲུང་གོ་སྲིད་གཞུང་གིས་ལོ་སིར་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཁག་གཅིག་རོགས་སྐྱོར་བྱ་རྒྱུ་ཡིན། དངོས་ཟོག་དེ་དག་གིས་ལོ་སིའི་རྒུད་སྐྱོབ་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུའི་རེ་བ་ཡོད་ཅེས་གསུངས།
           པེ་ཁེན་གྱིས་ཀྲུང་གོ་ཕྱོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལོ་སིའི་ཨ་སུའུ་ཕོ་ཞིང་ཆེན་ལ་ཆུ་ལོག་གི་གནོད་འཚེ་ཕོག་རྗེས། ཀྲུང་གོས་མགྱོགས་མྱུར་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་དུང་ཟབ་མོ་སླར་ཡང་མངོན་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་དངོས་ཟོག་གང་ལེགས་སྤྱད་དེ་གེགས་ཁུལ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་སླར་གསོ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།
           དངོས་ཟོག་དེ་དག་ནང་གདོང་མཆོང་གྲུ་100དང་། གུར་500 ཆུ་གཙང་བཟོ་ཡོ་བྱད་ཆ་ཚང་100སོགས་ཡོད་པ་དང་དེ་བྱིངས་ཀྱི་རྒུད་སྐྱོབ་དངོས་ཟོག་ཚེས་31ཉིན་གཙང་གླས་གནམ་གྲུར་བླུགས་ཏེ་ལོ་སིར་སྐྱེལ་རྒྱུ་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།