འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་རྩལ་འགྲེམས་སྟོན་མི་རིང་བར་ལྷ་ས་ས་ཚིགས་སུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཛེས་རྩལ་འགྲེམས་སྟོན་མི་རིང་བར་ལྷ་ས་ས་ཚིགས་སུ་བྱ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་གྱི་སློབ་འབྲིང་དང་པོའི“རྨི་ལམ་ནང་མཐོ་སྒང་དུ་ལོག་པ”ཞེས་པའི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཀྱི་མཛེས་རྩལ་བརྩམས་ཆོས་རྒྱལ་ཡོངས་སུ་བསྐོར་འགྲེམས་བྱེད་པའི་ལྷ་སའི་ས་ཚིགས་དེ་ཟླ་7ཚེས་26ཉིན་བོད་ལྗོངས་རང་བྱུང་ཚན་རྩལ་དངོས་མང་བཤམས་སྟོན་ཁང་དུ་བྱ་རྒྱུ་ཡིན་པ་རེད།
         སློབ་གྲྭ་ཕྱོགས་ཀྱི་ངོ་སྤྲོད་ལ་གཞིགས་ན། ལེའོ་དབྱང་སློབ་འབྲིང་དང་པོའི་བོད་རིགས་སློབ་མའི་བརྩམས་ཆོས་མང་པོ་རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར་རིམ་པའི་འགྲན་བསྡུར་ནང་བྱ་དགའ་ཐོབ་མྱོང་ཡོད་པ་དང་། དེའི་ཁྲོད་ནས་བརྩམས་ཆོས་《གཡག་རྒྱུག་》ནི་ཨོ་ལིམ་ཕིག་འཁྲུངས་ནས་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་རྒྱལ་ཡོངས་ཀྱི་བྱིས་པའི་རི་མོའི་འགྲན་བསྡུར་ཆེན་མོའི་ནང་བྱ་དགའ་ཨང་དང་པོ་ཐོབ་མྱོང་ཡོད་པ་རེད།
    ༄༅།།མཛེས་རྩལ་འགྲེམས་སྟོན་མི་རིང་བར་ལྷ་ས་ས་ཚིགས་སུ་བྱ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།