འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྐྱེས་མ་ཐག་པའི་ཕྲུ་གུའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་རགས་བཤེར་རྣམ་གྲངས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ནི་རང་རྒྱལ་དུ་ནད་གཞི་ཕོག་ཚད་མཐོ་ཤོས་ཀྱི་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པའི་ནད་རིགས་ཤིག་ཡིན་ལ། སྐྱེས་མ་ཐག་པའི་ཕྲུ་གུ་དང་། དམར་འབྱར། བྱིས་པ་ཤི་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་རེད། རང་རྒྱལ་གྱི་སྐྱེས་མ་ཐག་པའི་ཕྲུ་གུའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་རགས་བཤེར་རྣམ་གྲངས་ཚེས་30ཉིན་པེ་ཅིང་དུ་སྤེལ་འགོ་ཚུགས་ནས་ཧྲང་ཧའེ་དང་། ཧོ་པེ། ཧྲན་ཤིས་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24རུ་ཕྲུ་གུ་སྐྱེས་ནས་ཆུ་ཚོད་6ནས་72ནང་ཚུན་དུ་སྐྱེས་མ་ཐག་པའི་ཕྲུ་གུར་རགས་བཤེར་བྱ་རྒྱུ་ཡིན་པ་རེད།
             རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་སི་ཀྲང་ཆིན་ཀེང་གིས། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་སོཌ་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དེ་བྱིས་པའི་བདེ་ཐང་དང་གསར་སྐྱེས་མི་འབོར་གྱི་བྱང་ཚད་ལ་གནོད་འཚེ་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ལ་གྱུར་ཡོད། སྐྱེས་མ་ཐག་པའི་ཕྲུ་གུའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་རགས་བཤེར་རྣམ་གྲངས་སྤེལ་རྒྱུ་ནི་སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་རགས་བཤེར་ལ་ཤུགས་སྣོན་རྒྱག་པ་དང་བྱིས་པའི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། མི་རྩ་བར་འཛིན་པ་མཐའ་འཁྱོངས་དང་ཕྲུ་གུ་སྔོན་ལ་འཇོག་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག མི་རིགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགན་ལེན་ནུས་ལྡན་ཞིག་བཅས་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།