འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྐར་མ་མིག་དམར་ཐོག་ས་འོག་མཚེའུ་ཆེ་གྲས་ཤིག་ཐོག་མར་རྙེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་《ཚན་རིག་》དུས་དེབ་ཐོག་བཏོན་པའི་ཞིབ་འཇུག་ལས་གསལ་དོན། སྐར་མ་མིག་དམར་གྱི་ལྷོ་སྣེའི་འཁྱགས་རོམ་ངོས་ཀྱི་སྟོང་སྨི་1.5ཙམ་གྱི་སར་ཞེང་ཚད་སྟོང་སྨི་20ཙམ་ཡོད་པའི་གཤེར་གཟུགས་ཀྱི་མཚེའུ་ཞིག་ཡོད་པ་འདི་ནི་རྒྱལ་སྤྱིའི་ཐོག་ཤེས་རྟོགས་ཐུབ་ཐེངས་དང་པོ་ཡིན་ཞིང་སྐར་མ་མིག་དམར་ཐོག་ཚེ་སྲོག་ཡོད་མེད་སྐོར་གྱི་འཚོལ་ཞིབ་གསར་པ་བྱེད་རྒྱུའི་རེ་བ་ཡོད་པ་རེད།
            དབྱི་ཐ་ལིའི་འཇིག་རྟེན་འཕུར་སྐྱོད་ཅུས་དང་། དབྱི་ཐ་ལིའི་རྒྱལ་ཁབ་སྐར་མའི་གོ་ལའི་དངོས་ཁམས་ཞིབ་འཇུག་ཁང་། དབྱི་ཐ་ལིའི་རྒྱལ་ཁབ་ཚན་ཞིབ་ཨུ་ཡོན་ལྷན་ཁང་དང་དེ་བཞིན་དབྱི་ཐ་ལིའི་སློབ་གྲྭ་ཆེ་མོ་3གྱི་ཞིབ་འཇུག་མི་སྣ་30ལྷག་ཙམ་ལས་གྲུབ་པའི་དཔུང་ཁག་གིས་ཞིབ་འཇུག་གི་གྲུབ་འབྲས་དེ་ཡོངས་བསྒྲགས་བྱས་པ་རེད།
           ཞིབ་འཇུག་བྱེད་གཞི་དེའི་འགན་ཁུར་བ་དང་དབྱི་ཐ་ལིའི་རྒྱལ་ཁབ་སྐར་མའི་གོ་ལའི་དངོས་ཁམས་རིག་པ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལུའོ་པོ་ཐུའོ·ཨའོ་ལུའོ་སའེ་ཡིས་དེ་ནི་སྐར་མ་མིག་དམར་ཐོག་ནས་རྙེད་པའི་ཚེ་སྲོག་འཚོ་གནས་ཐུབ་པའི་ས་ཆ་དང་པོ་དེ་ཡིན་སྲིད་ཅེས་བརྗོད་པ་རེད།
           ཚན་རིག་མཁས་ཅན་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད་པའི་གཤེར་གཟུགས་ཀྱི་ཆུ་ཁུངས་དེ་ཚེ་སྲོག་གནས་ཐུབ་པའི་འགག་རྩའི་ཆ་རྐྱེན་དུ་བརྩི་བ་དཔེར་ན་ས་འོག་མཚེའུ་འམ་ཡང་ན་ས་ཆུའི་བང་རིམ་ཡིན་པ་ལས་ཆུ་ཕྲན་བུ་དང་། ཆུ་རླངས་སམ་ཡང་ན་འཁྱགས་པ་ཙམ་མིན་པ་རེད།
           ཞིབ་འཇུག་ནང་ཞུགས་མེད་པའི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཅི་མུའུ་·ཀེ་ལིན་གྱིས་གནས་སྟངས་ཧ་ཅང་ཞན་པོའི་ནང་བྲག་རྡོའི་འོག་ཏུའང་ཚེ་སྲོག་འཚོ་ཐུབ་པས་སྐར་མ་མིག་དམར་ཐོག་གཤེར་གཟུགས་ཆུ་ཡོད་པ་དེ་ལས་སྐར་མ་མིག་དམར་ཐོག་ཚེ་སྲོག་འཚོ་གནས་ཐུབ་པའི་ཆ་རྐྱེན་ཡོད་སྲིད་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།