འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གློག་བརྙན་པར་གཞི་གསུམ་2018ལོའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་ཐོག་
    སྟོན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། སྐབས་75པའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་གྱི་གཙོ་གཉེར་ཕྱོགས་ཀྱི་མིང་འདོན་ནང་ཚུད་པའི་གློག་བརྙན་གྱི་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་པའི་ནང་ཀྲུང་གོའི་གློག་བརྙན་པར་གཞི་གསུམ་ཚུད་ཡོད་པ་རེད།
         ཀྲུང་གོའི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《ལག་དམར་》ཞེས་པ་འདི་ལོའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་གྱི་གནམ་ས་འབྲེལ་མཚམས་ཀྱི་ཚན་པའི་ནང་ཚུད་པ་དང་། འདི་ནི་2015ལོའི་གློག་བརྙན《ཐར་ལོའི》རྗེས་སུ་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གནམ་ས་འབྲེལ་མཚམས་ཀྱི་ཚན་པའི་ནང་ཚུད་ཐེངས་གཉིས་པ་དེ་རེད།
         གཞན་ཡང་། ཀྲུང་གོའི་གློག་བརྙན་པར་གཞི་གཉིས་ཀྱང་སྐབས་འདིའི་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་མིན་པའི་ཚན་པའི་ནང་སྟོན་རྒྱུ་ཡིན་ཞིང་། དེའི་གྲས་སུ་ཀྲང་དབྱི་མོའུ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《གཟུགས་བརྙན་》དང་ཐའེ་དབན་གྱི་འཁྲབ་ཁྲིད་པ་ཚའེ་མིང་ལེང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《རང་གི་ངོ་གདོང་》ཞེས་པ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།