འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་སྲིད་གཞུང་གི་ཚོང་དོན་ཧམ་བཙན་བྱེད་སྤྱོད་ཀྱི་གྱོང་གུན་ཨ་རིའི་ཞིང་པས་འཁུར་
    བཞིན་ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་རྩོད་གཞིའི་ཕར་རྒོལ་བྱ་ཡུལ་དེ་ཨ་རིའི་ཞིང་པར་གཏད་ཡོད་ཅེས་པ་ལ་སོགས་པའི་གཏམ་བརྗོད་ལ་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་26ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་མིག་སྔའི་དུས་བབ་ནི་ཨ་རི་ཕྱོགས་ཀྱིས་རྦད་དེ་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལག་ལེན་བསྟར་ནས་ཁ་དན་ཚིག་ལ་མ་གནས་པ་དང་སྔ་ཚིག་ཕྱི་འགལ་བྱས་ཏེ་ཨུ་ཚུགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཚོང་དོན་འཁྲུག་རྩོད་བསླངས་པ་ལས་བྱུང་བ་ཞིག་རེད། ད་ལྟ་ཨ་རི་སྲིད་གཞུང་གི་ཚོང་དོན་ཧམ་བཙན་བྱེད་སྤྱོད་ཀྱི་གྱོང་གུན་ཨ་རིའི་ཞིང་པས་འཁུར་བཞིན་ཡོད་ཅེས་བཤད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་25ཉིན་ཐེ་རོན་ཕུས་ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་འཁྲུག་རྩོད་ཀྱི་ཕར་རྒོལ་བྱ་ཡུལ་དེ་ཨ་རིའི་ཞིང་པར་གཏད་ཡོད་ཅེས་བཤད་པ་མ་ཟད་དེ་དང་འབྲེལ་བའི་བྱེད་སྟངས་ཀྱང་ཧ་ཅང“གདུག་རྩུབ”དང་ཨ་རི་ཕྱོགས་ནས་བསམ་ཤེས་བྱ་རྒྱུའི་རེ་ངན་བཅངས་ཀྱི་འདུག་ཅེས་བཤད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་སློག་རྩིས་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་དྲིས།
         ཀེང་ཧྲོང་གིས་ཀྲུང་གོ་ནི་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་མཁན་གཙོ་བོའི་གྲས་ཤིག་ཡིན། ལོ་མང་རིང་ཀྲུང་ཨའི་དབར་གྱི་ཞིང་ལས་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་དང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཏེ་ཕྱོགས་གཉིས་ཀར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་པས་གཉིས་ཁེ་གཉིས་ཕན་ཞིག་ཡིན་ཞེས་བརྗོད་ཆོག་ཅེས་བཤད།
         ཁོང་གིས་ན་ནིང་ཟླ་6པར་ཀྲུང་ཨ་ཕྱོགས་གཉིས་པོས་ཨ་རིའི་གླང་ཤ་ཀྲུང་གོར་གཏོང་བའི་གནད་དོན་ཐད་གྲོས་མཐུན་གཅིག་གྱུར་བྱུང་བ་དང་། འདི་ལོའི་ཟླ་5པར་ཀྲུང་ཨ་ཕྱོགས་གཉིས་པོའི་ཚོགས་པས་ཝ་ཧྲིང་ཐོན་དུ་དཔལ་འབྱོར་ཚོང་དོན་གནད་དོན་ཐད་དགེ་མཚན་ལྡན་པའི་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་པོས་དོན་སྙིང་ལྡན་པའི་སྒོ་ནས་ཨ་རིའི་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         ཀེང་ཧྲོང་གིས་གྲོས་མཐུན་དེ་དག་མ་གཞི་བདེ་བླག་ངང་ལག་བསྟར་ཐུབ་རྒྱུ་ཡིན་མོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་གནས་ཚུལ་དེའི་འཕེལ་རིམ་མི་རྣམས་ཀྱིས་རེ་སྒུག་བྱེད་པ་ལྟར་བྱུང་མེད། མིག་སྔའི་དུས་བབ་ནི་ཨ་རི་ཕྱོགས་ཀྱིས་རྦད་དེ་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལག་ལེན་བསྟར་ནས་ཁ་དན་ཚིག་ལ་མ་གནས་པ་དང་སྔ་ཚིག་ཕྱི་འགལ་བྱས་ཏེ་ཨུ་ཚུགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཚོང་དོན་འཁྲུག་རྩོད་བསླངས་པ་ལས་ཐོན་པ་ཞིག་རེད། “ད་ལྟ་ཨ་རི་སྲིད་གཞུང་གི་ཚོང་དོན་ཧམ་བཙན་བྱེད་སྤྱོད་ཀྱི་གྱོང་གུན་ཨ་རིའི་ཞིང་པས་འཁུར་བཞིན་ཡོད”ཅེས་བཤད་པ་རེད།
         “ཨ་རི་ཕྱོགས་ཀྱིས་རྒྱལ་ནང་གི་ལས་རིགས་ཁག་གི་དཔྱོད་ཤེས་ཀྱི་བསམ་འཆར་ཉན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་འབོད་སྒྲ་ཉན་སྟེ་དུས་བབ་ལ་ངོས་འཛིན་གསལ་པོ་དང་དགེ་སྐྱོན་བསམ་བློ་ཡག་པོ་བཏང་ནས་ནོར་འཁྲུལ་གྱི་ལམ་བུའི་ཐོག་མུ་མཐུད་མི་བསྐྱོད་པའི་རེ་བ་ཡོད”ཅེས་ཀེང་ཧྲོང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།