འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།《ཀྲུང་ཨའི་ཚོང་དོན་འཁྲུག་རྩོད་ཀྱི་དཔྱད་གཏམ་ཁག་བཅུ་》ཞེས་པ་དཔེ་སྐྲུན་
    འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 《ཀྲུང་ཨའི་ཚོང་དོན་འཁྲུག་རྩོད་ཀྱི་དཔྱད་གཏམ་ཁག་བཅུ་》ཞེས་པའི་དེབ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཚེས་26ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ཁག་གིས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
         ཀྲུང་ཨའི་ཚོང་དོན་འཁྲུག་རྩོད་ནི་ཕྱོགས་རྐྱང་རིང་ལུགས་དང་ཕྱོགས་མང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས་དང་རང་མོས་ཚོང་དོན། བཙན་དབང་དང་སྒྲིག་སྲོལ་བཅས་ཀྱི་འཁྲུག་རྩོད་ཅིག་རེད། འདི་ལོའི་ཟླ་7ཚེས་6ནས་15ཉིན་བར་《མི་དམངས་ཉིན་རེའི་ཚགས་པར་》ཐོག་དཔྱད་གཏམ་མཁན་གྱི་རྩོམ་ཡིག་ཁག་10བསྟུད་མར་སྤེལ་ནས་ཨ་རིའི་ཚོང་དོན་གྱི་ཧམ་བཙན་རིང་ལུགས་དང་སྤྱོད་ངན་སྣ་ཚོགས་ཀྱི་བཤད་ཚུལ་ལ་དགག་ལན་ནུས་ལྡན་བསླགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་སྒྲིག་གཞི་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། རང་རྒྱལ་གྱི་ལྟེ་བའི་ཁེ་ཕན་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་རྒྱས་བཤད་བྱས་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།
         དེབ་འདིའི་ནང་ཁྱོན་དཔྱད་གཏམ་མཁན་གྱི་རྩོམ་ཡིག་ཁག་10བཀོད་ཡོད་པ་དང་། དེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་རྩོད་གཞིའི་གནད་དོན་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་པ་དང་། ཚོང་དོན་ཧམ་བཙན་རིང་ལུགས་ལས་བྱུང་བའི་ཤུགས་རྐྱེན་ལ་ཞིབ་འཇུག་གཏིང་ཟབ་དང་ཁ་གཏད་ཧུར་ཐག་གཅོག་རྒྱུར་དཔྱད་གཞིར་འཛིན་རིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།