འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ས་ཁུལ་དུ་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པས་གྲོང་མི་ཚོའི་བསྔགས་བརྗོད་
    ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཆིང་ཡང་ཆུས་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་ཡིས་དཀར་མཛེས་ཀྲོའུ་རུ་སྡེ་རོང་རྫོང་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་དང་གླ་རི་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ་གླ་རི་གྲོང་ཚོའི་བྱེད་སྒོ་ཁང་དུ“སློབ་སྦྱོང་ཆེན་པོ་དང་། གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ”བཅས་ཀྱི་བོད་སྐྱོར་མཉམ་སྐྲུན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཡུལ་དེ་གའི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་དགོས་མཁོ་ཤེས་རྟོགས་བྱས་པ་རེད།
         ཁྲེང་ཏུའུ་དང་ལེ་དབར་1000ལྷག་ཙམ་གྱི་ས་ཐག་ཆོད་པའི་སྡེ་རོང་རྫོང་གླ་རི་གྲོང་ཚོར་ཡུལ་དེ་གའི་མང་ཚོགས་ལ“ཞིང་པའི་མཚན་མོའི་སློབ་གྲྭའི”གསོ་སྦྱོང་གཉེར་སྐབས། ཆིང་ཡང་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ“གལ་སྲིད་བུ་ཕྲུག་གིས་ང་ལ་ཁ་ཡ་མ་བྱས་ན་ཇི་འདྲ་བྱེད་དམ”ལ་སོགས་པའི་བཅའ་ཁྲིམས་ཀྱི་དྲི་བ་མང་པོ་བཏོན། ཞིབ་དཔྱོད་དཔོན་ཚོས་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པའི་སྒོ་ནས་ཁོང་ཚོར་འགྲེལ་བཤད་བརྒྱབ་པ་མ་ཟད། རྒྱུན་གཏན་གྱི་བྱ་བ་ཆུང་ཙག་རེ་རེར་བཅའ་ཁྲིམས་ཀྱི་ཤེས་བྱ་བསྲེས་པས་གསོ་སྦྱོང་ཆུང་ངུ་ལས་སྐབས་སྐབས་སུ་གྲོང་མི་ཚོའི་ཐལ་མོའི་རྡེབ་སྒྲ་གྲགས།
          སྡེ་རོང་རྫོང་ཞིབ་དཔྱོད་ཁང་གི་འགན་འཁུར་བས་ཀྲི་པུའུ་མཉམ་སྐྲུན་མཉམ་གཏོད་ལས་དོན་ཡག་པོ་སྤེལ་ཆེད། ངེད་ཁང་གིས་འགག་རྩར་དམ་འཛིན་དང་། ཞན་ཆ་གསབ་པ། མཐོར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་དང་། གྲོས་བསྡུར། བརྟག་ཞིབ་བཅས་ལ་བརྟེན་ནས་ཏང་ཀྲི་པུའུ་ཡག་པོ་དང་སྟོབས་ཆེན་ཞིག་རྒྱུན་མཐུད་འཛུཌ་སྐྱོང་བྱེད་བཞིན་ཡོད་ཅེས་བཤད།
         “ངས་དབུལ་སྒྲོལ་འགག་སྒྲོལ་ཚན་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་སྐོར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་ཚན་ཞིག་ཁྲིད་པ་མ་ཟད། ཞིང་པ་གྲོགས་པོ་ཚོར་རྒྱུན་དུ་འཕྲད་སྲིད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་ཡིན” སྤེལ་རེས་འདི་ལྟ་བུས་ཞིང་པ་གྲོགས་པོ་ཙམ་མ་ཟད། ཐ་ན་རང་ཉིད་ལ་མཚོན་ན“གྲོང་གསེབ་ཏུ་ཁྲིམས་སྐྱོང་ཇི་ལྟར་བྱེད་མིན”གྱི་སློབ་སྦྱོང་དང་བགྲོ་གླེང་ཞིག་ཀྱང་རེད་ཅེས་ཆིང་ཡང་ཆུས་ཞིབ་དཔྱོད་ཁང་ཆབ་སྲིད་ཁྲུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
        མི་རིགས་ས་ཁུལ་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སློབ་གྲྭ་ཇི་ལྟར་སྐྱོང་བ་དང་སློབ་གྲྭའི་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་མིན་ཐད། ཆིང་ཡང་ཆུས་ཞིབ་དཔྱོད་ཁང་དང་སྡེ་རོང་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་སངས་སྨད་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་བརྟག་ཞིབ་ལ་བསྐྱོད་ནས་མི་རིགས་ས་ཁུལ་གྱི་སློབ་ཆུང་ལ་འཕྲད་པའི་གནད་དོན་ཤེས་རྟོགས་བྱས་ཏེ། སློབ་གྲྭ་ཚད་ལྡན་དོ་དམ་དང་། དགེ་སློབ་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སློབ་གྲྭར་གཏུམ་སྤྱོད་སྔོན་འགོག་སོགས་ཀྱི་གནད་དོན་ཐད་ཡུལ་དེ་གའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་ཁ་གཏད་གཅོག་ཐབས་ཞིབ་འཇུག་དང་ཐག་གཅོད་ལ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མཁོ་འདོན་བྱས་པ་རེད།
         ཀྲི་པུའི་མཉམ་འབྲེལ་བྱེད་སྒོར་བརྟེན་ནས་ཁྲེང་ཏུའུ་གྲོང་ཁྱེར་ཆིང་ཡང་ཆུས་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་དང་། དཀར་མཛེས་ཁུལ་སྡེ་རོང་རྫོང་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ། གླ་རི་གྲོང་ཚོའི་ཏང་ཀྲི་པུའུ་བཅས་དབར་སྤེལ་རེས་དང་འབྲེལ་གཏུག་ཟབ་ཏུ་བཏང་བས། ཀྲི་པུའི་དབར་གྱི་མཛའ་བཤེས་དང་མཐུན་སྒྲིལ་ཟབ་ཏུ་ཕྱིན་པ་མ་ཟད། བོད་རིགས་ས་ཁུལ་གྱི་ལས་ཀའི་གནས་ཚུལ་ཤེས་རྟོགས་བྱེད་ཚད་ཀྱང་ཟབ་ཏུ་ཕྱིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།