འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པད་མ་རྫོང་གི་གངས་ལྗོངས་བོད་ཇ་ལས་འབྲོག་པར་ཡོང་འབབ་འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡར་ཐང་ཤང་མི་དམངས་སྲིད་གཞུང་གི་སྒོ་རར་པད་མ་རྫོང་ནགས་ལས་ཅུས་དང་། སྟོང་སྐོར་རྫོང་སན་ལུ་ཀུང་སི། ཡར་ཐང་ཤང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་འཚོགས་པའི་པད་མ་རྫོང་གི་2018ལོའི་གངས་ལྗོངས་བོད་ཇ་བཏབ་པའི་གླ་ཆ་སྤྲོད་པའི་ཚོགས་ཆེན་ཐོག་གང་སར་དགའ་སྤྲོའི་དགོད་སྒྲས་ཁེངས་ཤིང་། འབྲོག་པ་ཚོས་བླངས་མ་ཐག་པའི་གླ་ཆ་འཁྱེར་བཞིན་སེམས་ལ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་རེད།
         པད་མ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“སྣོད་བཅུད་སྔོན་ལ་འཇོག་པ་དང་། ཞིང་འབྲོག་པར་མ་གནས་གཏན་འཇགས་ཐུབ་པ། ནགས་ལས་ལ་དམ་འཛིན་གཙོ་བོ་བྱེད་པ། རིག་གནས་དང་ཡུལ་སྐོར་གྱིས་ཁྲིད་སྟོན་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་གངས་ལྗོངས་བོད་ཇའི་ཐོན་ལས་འཕེལ་རྒྱས་དང་རྫོང་དེའི་འབྲོག་པའི་དབུལ་སྒྲོལ་འབབ་འཕར་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུར་བར་གཞིགས་ན། འདི་ལོ་ནས་བཟུང་། མ་དངུལ་སྒོར་ཁྲི་1350བཏང་བ་བརྒྱུད་གངས་ལྗོངས་བོད་ཇ་འདེབས་འཛུགས་རྟེན་གཞིའི་མུའུ་3000ཟིན་པའི་རྣམ་གྲངས་ལག་ལེན་བསྟར་བ་དང་། གངས་ལྗོངས་བོད་ཇ་སྡོང་རྐང་190བཏབ་པ། ཁྱོན་མི་364གངས་ལྗོངས་བོད་ཇ་འདེབས་འཛུགས་ལས་རིགས་ལ་ཞུགས་པ། ཇ་འདེབས་གླ་ཆ་སྒོར་ཁྲི་170ལྷག་ཙམ་སྤྲད་པ་བཅས་ལས་དུས་ཐུང་ཟླ་གཅིག་ཙམ་གྱི་དུས་ཡུན་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4700ཙམ་བྱུང་ཡོད་པ་རེད།
         དེ་ཁུལ་གྱི་འབྲོག་པས་གངས་ལྗོངས་བོད་ཇ་བཏབ་པར་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱས་པ་ལས་ཡོང་འབབ་མང་བ་འདུག་པས་འདི་ནི་ང་ཚོའི་ཡིད་ལ་གཏན་ནས་འཁོར་མ་བྱུང་ཞེས་བཤད། འོན་ཀྱང་གངས་ལྗོངས་བོད་ཇ་བཏབ་པའི་ངལ་རྩོལ་ཐོབ་ཆ་ནི་གངས་ལྗོངས་བོད་ཇའི་ཐོན་ལས་སྦྲེལ་ཐག་ལས་འབྲོག་པར་ཡོང་འབབ་ཡོང་འགོ་ཚུགས་པ་ཙམ་ཞིག་རེད།
          ལོ་ལྔ་སོང་རྗེས། གངས་ལྗོངས་བོད་ཇའི་ཐོན་ལས་འཕེལ་རྒྱས་ཕྱིན་ནས་འདི་ལོ་བཏབ་པའི་གངས་ལྗོངས་བོད་ཇ་སྡོང་རྐང་ཁྲི་190ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་5700བྱུང་ནས་དེ་ཁུལ་གྱི་འབྲོག་པ་ཚོ་སྤོབས་སེམས་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།