འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོན་ཚོང་འབྲེལ་མཐུད་ཀྱི་བྱེད་ཐབས་ལ་བརྟེན་ནས་སྒོར་དུང་ཕྱུར་52.54རི་བའི་
    ནུབ་བྱང་གི་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་ཟོག་བཙོངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་2018ལོའི་ནུབ་བྱང་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་ཟོག་ཐོན་ཚོང་འབྲེལ་མཐུད་བྱེད་སྒོ་དང་ཀན་སུའུ་ཡི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཀན་སུའུ་ལན་ཀྲོའུ་རུ་འཚོགས་ཤིང་། བྱེད་སྒོ་དེ་ཞིང་ལས་གྲོང་གསེབ་པུའུ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ཁྱོན་གན་རྒྱའི་རྣམ་གྲངས་161བཞག་པ་དང་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་125.76ཟིན་ཡོད། ཀན་སུའུ་དང་། ཧྲའན་ཤིས། ལེའོ་ཉིང་། མཚོ་སྔོན་བཅས་ཞིང་ཆེན་བཞི་ཡི་ས་ཁུལ་དབུལ་པོས་ས་གནས་ས་ཐོག་ཏུ་མངགས་ཉོའི་གན་རྒྱ་97བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་52.54ཟིན་ཡོད་པ་རེད།
         ཐོན་ཚོང་འབྲེལ་མཐུད་བྱེད་སྒོས“ཐོན་རྫས་བྲིན་ཚོང་བྱས་ཏེ་དབུལ་སྒྲོལ་ལ་རོགས་རམ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ནུབ་བྱང་ས་ཁུལ་དབུལ་པོའི་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་ཟོག་པེ་ཅིང་ཐེན་ཅིན་ཧྲང་ཧའེ་དང་། ཀོང་ཏུང་ཤང་ཀང་ཨའོ་མོན། ཤར་ནུབ་དབུལ་སྐྱོར་མཉམ་ལས་ཁུལ། ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་ཁྲོམ་རར་བཙོངས་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་དབུལ་པོའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་མིང་གྲགས་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། བྱེད་སྒོའི་ཉིན་དང་པོར་ཀན་སུའུ་ཡི་ཞིང་ཞོར་ཐོན་ཟོག་འབོར་ཆེན་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེ་གྲས་ཁག་ཏུ་བཏང་བའི་ནང་ས་མཐོའི་སྔོ་ཚལ་ཏུན་1700ལྷག་ཙམ་བླུགས་པའི་རླངས་འཁོར་61རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24ཡི་གྲོང་ཁྱེར་ཆེ་འབྲིང་དུ་བཏང་བའི་ནང་ཀོའོ་ཕིག་ཚལ་སོགས་ཚལ་སྣ་ཁ་10ལྷག་ཙམ་ཡོད། འོ་མ་ཏུན་240བླུགས་པའི་རླངས་འཁོར་བརྒྱད་ཁྲེང་ཏུར་བཏང་བ་དང་ཕག་ཤ་བླུགས་པའི་རླངས་འཁོར་གཅིག་ཝུའུ་ལུའུ་མུའུ་ཆིའི་ཁྲོམ་རར་བཏང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།