འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་དངོས་སྒྲུབ་མཉམ་ལས་ཀྱི་དཔེ་མཚོན་གཏོད་པ། 

    — ཀྲུང་ཨའི་ཐོན་ནུས་མཉམ་ལས་དཔེ་སྟོན་ཁུལ་གྱི་རྣམ་གྲངས་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།'རྒྱུད་གཅིག་ལམ་གཅིག'གི་དངོས་སྒྲུབ་མཉམ་ལས་ཀྱི་དཔེ་མཚོན་གཏོད་པ།
            མི་དམངས་དྲ་བའི་འཕྲིན། ཟླ་བདུན་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཉི་མ་མེ་ལྟར་ཚ་ཞིང་། རྒྱལ་ས་ཨབ་ཀྲ་པེའི་མཚོ་རྒྱུད་ངོགས་སུ་ཡོད་པའི་གཞུང་ལམ་བརྒྱུད་བྱང་ཕྱོགས་སུ་སྤྱི་ལེ་60ཙམ་བསྐྱོད་རྗེས་སྔོ་ཐིང་ངེར་གནས་པའི་རྒྱ་མཚོའི་ངོགས་སུ་ཡོད་པའི་ཧ་ལི་ཕ་བཟོ་ལས་ཁུལ་རྒྱང་རིང་ནས་མཐོང་ཐུབ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་གཏོད་པའི་ཀྲུང་ཨའི་ཐོན་ནུས་མཉམ་ལས་དཔེ་སྟོན་གླིང་དེ་གར་ཡོད། ཀྲུང་ཨའི་ཐོན་ནུས་མཉམ་ལས་དཔེ་སྟོན་གླིང་འདི་ཉིད་འདི་ལོའི་ཟླ་ལྔ་པར་སྐྲུན་འགོ་ཚུགས་པ་དང་། ལས་སྒོ་སྤེལ་ཡུལ་གྱི་ས་རྒྱ་སྤྱི་ལེ་ངོས་གྲུ་22ཟིན་པ། སྔོན་འཇོག་ས་ཆ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10ཟིན་གྱི་ཡོད། མིག་སྔའི་བར་ཀྲུང་གོའི་ཁེ་ལས་བཅུ་གྲངས་ཀྱིས་གླིང་ཞུགས་འདོད་མཐུན་ཡི་གེ་བཞག་པ་དང་སྔོན་དཔག་བྱས་ན་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་34ཙམ་གཏོང་རྒྱུ་རེད། གོང་གི་པར་རིས་ནི་ཟླ་7ཚེས་16ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་གྲུ་ཁའི་ཧ་ལི་ཕ་བཟོ་ལས་ཁུལ་དུ་གནས་པའི་ཀྲུང་ཨའི་ཐོན་ནུས་མཉམ་ལས་དཔེ་སྟོན་གླིང་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པ་ཚོས་ལས་ཀ་བྱེད་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།