འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་
    མྱུར་པོ་བྱུང་ཡོད་ཅེས་འཁོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོར་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་སོགས་ལྗང་མདོག་ནུས་རྒྱུ་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཆུ་གློག་དང་ཉི་ནུས་སོགས་ཀྱིས་གཙོ་བོར་བྱེད་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཏེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད་ཅེས་འཁོད་ཡོད།
          རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་གཙང་པོ་དང་ཆུ་བོ་མང་པོ་རི་མཐོ་གྲོག་རོང་བརྒྱུད་ནས་བབས་པར་བརྟེན་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བོད་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་དུང་ཕྱུར་1.74ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན། ཉེ་བའི་ལོ་ཤས་རིང་རྡོ་ཕུར་དང་། གསེར་ཆུ། འབྲི་གུང་སོགས་ཆུ་ཤུགས་གློག་ཁང་འབྲིང་གྲས་བསྐྲུན་ནས་2017ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་177ཟིན་པ་དེས་ལྗོངས་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་ཡོངས་ནས་གློག་གཏོང་ཚད་ཀྱི་56.54%བཟུང་ཡོད། མཚོ་སྔོན་གྱི་ཆུ་ནུས་ཐོན་ཁུངས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་2400ཟིན་པ་དང་ཚ་རྔ་འགག་དང་། ལ་ཟེ་བ། སྔོ་རྒྱའི་འགག་སོགས་ཆུ་གློག་ལས་གྲྭ་ཆེན་པོ་ཁག་གཅིག་བསྐྲུན་ནས་2016ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1192ཟིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡི་ཆུ་ནུས་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་5663ཟིན་ནས་གློག་གཏོང་འཕྲུལ་འཁོར་ཡོངས་ཀྱི་གློག་གཏོང་ཚད་ཆན་ཝ་ཁྲི་1708ཟིན་ཡོད་ཅེས་འཁོད་ཡོད།
          མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་ཉི་ནུས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན། རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་སྔོན་ཞིང་ཆེན་གྱིས་ཚྭ་འདམ་གཤོང་སར་ཆན་ཝ་ཁྲི་བརྒྱའི་འོད་ཤུགས་གློག་ཁང་ཁྱུ་བསྐྲུན་པའི་ལས་གྲྭ་འགའ་ཞིག་ལག་བསྟར་བྱས་ནས་རྒྱལ་སྤྱིའི་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་ཁང་བསྐྲུན་ཡོད། 2016ལོའི་ལོ་མཇུག་བར་མཚོ་སྔོན་འོད་ཤུགས་གློག་གཏོང་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་682ཟིན་ཡོད། 2014ལོར་རྒྱལ་ཁབ་ཀྱིས་བོད་འདི་ཉིད་འོད་ཤུགས་གློག་གཏོང་གི་འཛུགས་སྐྲུན་གཞི་ཁྱོན་གྱི་ཚོད་འཛིན་མི་ཕོག་པའི་ས་ཁུལ་གྲས་སུ་བཅུག་ནས་བོད་དུ་སྔོན་ལ་འོད་ཤུགས་གློག་གཏོང་རྣམ་གྲངས་གསར་སྤེལ་བྱ་རྒྱུའི་རྒྱབ་སྐྱོར་བྱས་པ་རེད། 2017ལོའི་ལོ་མཇུག་ཏུ་བོད་ཀྱི་འོད་ཤུགས་གློག་གཏོང་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་79ཟིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་བ་ཀྲོའུ་ཡི་ཉི་ནུས་གསར་སྤེལ་བྱེད་ཆོག་ཚད་ཆན་ཝ་ཁྲི་2000ལས་བརྒལ་བ་དང་ཆན་ཝ་ཁྲི་35ཡི་འོད་ཤུགས་གློག་ཁང་འཛུགས་སྐྲུན་བྱས་ནས་སྤྱོད་འགོ་ཚུགས་ཡོད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།