འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་
    བ་མྱུར་པོ་འཕར་ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་འཛད་སྤྱོད་ཆུ་ཚད་མུ་མཐུད་གྲངས་གནས་མཐོ་པོ་ཟིན་པ་དང་ཁ་ལོ་བའི་མི་གྲངས་མྱུར་པོ་འཕར་བའི་རྣམ་པ་མངོན་ཡོད་པ་རེད།
         འཕྲུལ་སྒུལ་འཁོར་རིགས་ལག་ཡོད་གྲངས་འབོར་དུང་ཕྱུར་3.19ཟིན་ནས་ལོ་ཕྱེད་རིང་གསར་དུ་ཐོ་འགོད་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་མཐོ་བ་ཡོད་པ་རེད། ཟླ་6པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ལག་ཡོད་གྲངས་འབོར་དུང་ཕྱུར་3.19ཟིན་ཞིང་། 2018ལོའི་ལོ་སྟོད་དུ་གསར་དུ་ཐོ་བཀོད་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི་1636ཟིན་ནས་ན་ནིང་གི་དུས་མཚུངས་སུ་ཐོ་འགོད་བྱེད་ཚད་ཁྲི་1594ལས་མཐོ་བ་ཡོད་པ་རེད། དེའི་ནང་རླངས་འཁོར་ལག་ཡོད་གྲངས་འབོར་དུང་ཕྱུར་2.29ཟིན་པ་དང་། 2018ལོའི་ལོ་སྟོད་དུ་གསར་དུ་ཐོ་བཀོད་པའི་རླངས་འཁོར་ཁྲི་1381ཡོད་པ་རེད།
         ནུས་རྒྱུ་གསར་པའི་རླངས་འཁོར་ལག་ཡོད་གྲངས་འབོར་ཁྲི་199ཟིན་ཞིང་། རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་འཁོར་བྱང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཡོད། ཟླ་6པའི་ཟླ་མཇུག་བར། ནུས་རྒྱུ་གསར་པའི་རླངས་འཁོར་ལག་ཡོད་གྲངས་འབོར་ཁྲི་199ཟིན་པའི་ནང་གློག་སྒུལ་རླངས་འཁོར་ཁྲི་162ཟིན་པ་དེས་ནུས་རྒྱུ་གསར་པའི་རླངས་འཁོར་བསྡོམས་འབོར་གྱི་81.4%བཟུང་བ་དང་། ནུས་རྒྱུ་གསར་པའི་ཟོག་འཁོར་ཁྲི་24ཟིན་པ་དེས་ནུས་རྒྱུ་གསར་པའི་རླངས་འཁོར་བསྡོམས་འབོར་གྱི་12.1%བཟུང་ཡོད། 
         སྒེར་འཁོར་ལག་ཡོད་གྲངས་འབོར་དུང་ཕྱུར་1.8ཟིན་ནས་རྒྱུན་མཐུད་མྱུར་པོ་འཕར་བཞིན་ཡོད། ཟླ་6པའི་ཟླ་མཇུག་བར་མི་སྒེར་གྱི་མིང་ཐོག་ནས་ཐོ་བཀོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་འགྲུལ་པ་བླུག་ཆོག་པའི་རླངས་འཁོར་ཆེས་ཆུང་གྲས(སྒེར་འཁོར)ལག་ཡོད་གྲངས་འབོར་དུང་ཕྱུར་1.8ཟིན་པ་དེས་རླངས་འཁོར་བསྡོམས་འབོར་གྱི་78.6%བཟུང་བ་དང་། 2018ལོ་ནས་བཟུང་རླངས་འཁོར་ལག་ཡོད་གྲངས་འབོར་ཟླ་རེར་ཆ་སྙོམས་ཁྲི་166འཕར་ནས་རྒྱུན་མཐུད་མྱུར་པོ་འཕར་བཞིན་ཡོད་པ་རེད།
         འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་མི་གྲངས་དུང་ཕྱུར་3.96ཟིན་པ་དང་། ལག་ཁྱེར་བླངས་པའི་ཁ་ལོ་བ་གསར་པ་ཁྲི་1325ཡོད་པ་རེད། འཕྲུལ་སྒུལ་འཁོར་རིགས་ལག་ཡོད་གྲངས་འབོར་མྱུར་པོ་འཕར་བ་དང་སྦྲགས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་མི་གྲངས་ཀྱང་དུས་གཅིག་ཏུ་འཕར་བའི་རྣམ་པ་མངོན་ཡོད། 2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ལག་ཁྱེར་བླངས་པའི་ཁ་ལོ་བ་གསར་པ་མི་ཁྲི་1325ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།